སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུས་ ༡༠ པ་ཕྱི་ལོ་ ༢༠༡༥།༩།༡༥ ནས་ ༢༥ བར་འཚོགས་བཞིན་པའི་ལས་ཉིན་གཉིས་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

DSC04395 

ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༦ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཉིན་འདིའི་ལས་རིམ་དབུ་འཛུགས་གནང་བ་དང་སྦྲགས། སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བཀའ་ཤག་གོང་མའི་སྲོལ་རྒྱུན་སོ་ནམ་གྱི་སྲིས་བྱུས་ཐོག སྐར་རྟགས་ཅན་གྱི་དྲི་བ་ཨང་དང་པོ་ ༡ གནང་བར་དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༤ ཡིས་འཕྲོས་དོན་དྲི་བ་གནང་བ་ཁག་སོ་སོར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།DSC04392

 

ཡིག་ཆ་ཨང་ ༨ པ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་གཞུང་འབྲེལ་གྲོས་ཆོད་ཨང་ ༢༠༡༤།༡༥།༨།༤ དང་། ཡིག་ཆ་ཨང་ ༢༩ པའི་དགོངས་དོན་བཞིན་ཤེས་ཡོན་ཚོགས་ཆུང་གི་སྙན་ཐོ་ཞིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་སྙན་སྒྲོན་གནང་བ་དང་། ཡིག་ཆ་ཨང་ ༩ པ། གོང་གསལ་སྙན་སྒྲོན་ཟིན་པའི་ཐོག་སྤྱི་འཐུས་དགེ་ཤེས་རོང་པོ་བློ་བཟང་སྙན་སྒྲགས་མཆོག་གིས་བགྲོ་གླེང་དགོས་པའི་གྲོས་འཆར་འདོན་གནང་བ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གྲོས་འཆར་ལ་རྒྱབ་སྐྱོར་གནང་སྟེ་སྤྱི་འཐུས་ ༥ ཡིས་ཆ་ཤེས་བཞེས་ཏེ་དགོངས་ཚུལ་ལྷུག་པོར་གནང་བ་མ་ཟད། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་དང་། དེ་རྗེས་ཚོགས་ཆུང་གི་ཚོགས་གཙོ་དང་། ཚོགས་མི་རྣམས་པས་གསལ་བཤད་གནང་དགོས་གནང་།DSC04397

 

ཡིག་ཆ་ཨང་ ༡༠ པ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་གཞུང་འབྲེལ་གྲོས་ཆོད་ཨང་ ༢༠༡༥།༡༥།༩།༤ དང་། ཡིག་ཆ་ཨང་ ༡༢ པའི་དགོངས་དོན། གསོ་བ་རིག་པ་རྒྱ་གར་གཞུང་ཁྲིམས་ནས་ངོས་ལེན་གནང་བའི་རྗེས་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་ལམ་གྱིས་ལས་དོན་བྱེད་ཕྱོགས་དང་། ལྷན་ཚོགས་ཀྱི་ངོ་བོ་རྒྱུན་གནས་དགོས་མིན་དང་ཐུབ་མིནསོགས་ལས་དོན་བྱེད་ཕྱོགས་ལ་སྤྱི་ཡོངས་རྟོག་ཞིབ་སླད་ཆེད་བཙུགས་ཚོགས་ཆུང་གི་སྙན་ཐོ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྙན་སྒྲོན་གནང་བ་དང་། དེ་ལ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་གིས་རྒྱབ་སྐྱོར་གནང་བ་དང་བགྲོ་གླེང་གི་དུས་ཚོད་ཟུར་གཅོད་བྱ་རྒྱུ་བཅས་ལས་རིམ་སྙིང་བསྡུས་སུ།།