སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ལས་ཉིན་དང་པོའི་ལས་རིམ་སྙིང་བསྡུས།

ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༦ ནས་ ༢༨ བར་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པ་བསྐྱང་འཆར་ལྟར།

DSC_0074 དེ་རིང་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དབུ་བཞུགས་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་བཅས་ཚོགས་མི་རྣམས་ལྷན་འཛོམས་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ཚོགས་དུས་ ༩ པ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་། དེ་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ། ཐེངས་འདིའི་ཚོགས་གཙོའི་དབུ་འཛུགས་ཀྱི་གསུང་བཤད་གནང་། དེ་བཞིན་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་། རིམ་བཞིན་གཞུང་འབྲེལ་མྱ་ངན་གུས་འདུད་དང་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བཀུར་འོས་སྤྱི་འཐུས་གྲངས་ ༡༠ ཡིས་ཆ་ཤས་བཞེས་ཏེ་བགྲོ་གླེང་ལྷུག་པོར་གནང་བ་དང་། དུས་ཡུན་གཞན་ཐོག་བགྲོ་གླེང་མུ་མཐུད་གནང་རྒྱུ་གནང་།DSC_0082
ཉིན་རྒྱབ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༥་་༡༦ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་བ་དང་། དེ་རྗེས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཆོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་རྩིས་ལོ་ ༢༠༡༥་་༡༦ ལོའི་ཚོད་དཔག་འཆར་རྩིས་ཆོགས་ཆུང་གི་སྙན་ཐོ་སྙན་སྒྲོན་དང་སྦྲགས། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། DSC_0091སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོར་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་གི་རྒྱབ་སྐྱོར་གནང་བ་བཅས། ལས་ཉིན་དང་པོར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།

Menu