སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཉིན་དང་པོའི་ལས་རིམ་སྙིང་བསྡུས།

ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩:༣༠ ཀའི་ཐོག་དཔལ་ལྡན་ཚོགས་གཙོ་ཚོགས་གཞོན་དབུས་བོད་མི་མང་གི་སྤྱི་འཐུས་རྣམ་པ་དང་།   དཔལ་ལྡན་སྲིད་སྐྱོང་མཆོག་གི་དབུས་ལྷན་ཁང་ཁག་གི་བཀའ་བློན་དང་དྲུང་ཆེ་རྣམ་པ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་དང་་ཟུར་ཉན་པ་རྣམ་པ་སོགས་ལྷན་

འཛོམས་ཀྱིས་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་སྟེ་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་རེད།  དེ་རྗེས་

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་

གནང་གྲུབ་རྗེེས། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བཅས་བསྐོ་གཞག་

གནང་།

 

གཞན་ཡང་བོད་ཕྱི་ནང་གི་རང་ལུས་མེ་སྲེག་བཏང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་དང།

ལྷག་པར་དུ་བོད་ནང་དུ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༦ ཉིན་རང་ལུས་མེ་སྲེག་གནང་མཁན་གྱི་རྒྱལ་གཅེས་

དཔའ་བོ་ཀླུ་ཆུ་རྫོང་གི་རང་ལོ་ ༢༨ སོན་པ་གྲྭ་དཀོན་མཆོག་བསྟན་འཛིན་ལགས་དང་། ཕྱི་ལོ་ ༢༠༡༣ ཟླ་ ༤

ཚེས་ ༡༦ ཉིན་ཛམ་ཐང་རྫོང་གི་རང་ལོ་ ༢༠ སོན་པ་དཔའ་མོ་ཕྱུག་མཚོ་ལགས། ཕྱི་ལོ་ ༣༠༡༣ ཟླ་ ༤ ཚེས་

༢༤ ཉིན་རྔ་པ་མཛོད་དགེ་རྫོང་གི་རང་ལོ་ ༢༠ སོན་པ་བློ་བཟང་ཟླ་བ་ལགས་དང་རང་ལོ་ ༢༣ སོན་པ་

དཀོན་མཆོག་འོད་ཟེར་ལགས། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ ཉིན་ཁམས་ཡུལ་ཤུལ་རྫོང་གི་རང་ལོ་( )

སོན་པ་བསྟན་འཛིན་ཤེས་རབ་ལགས། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༡ ཉིན་ཁམས་མི་ཉག་འདྲ་པ་ནས་ཡིན་

པ་རང་ལོ་ ༣༡ སོན་པ་དཔའ་མོ་བཙུན་མ་དབང་ཆེན་སྒྲོལ་མ་ལགས། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༠ ཉིན་

རྔ་པ་མཛོད་དགེ་རྫོང་གི་རང་ལོ་ ༡༨ སོན་པ་དཀོན་མཆོག་བསོད་ནམས་ལགས་བཅས་བདུན་དང་།  དེ་

བཞིན་བལ་ཡུལ་དུ་རང་ལུས་མེ་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་གྲྭ་ཀརྨ་ངེས་དོན་རྒྱ་མཚོ་མཆོག་

བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་དང་། དེ་བཞིན་བོད་ནང་གི་ཛ་དྲག་

གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་འཇོག་གནང་དང་འབྲེལ་བགྲོ་གླེང་

ལྷུག་པོར་གནང་ཡོད་པ་རེད། ཉིན་རྒྱབ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༥ པའི་ལས་བསྡོམས་

དང་སྙན་ཐོ་བཅས་སྙན་སྒྲོན་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

 

Menu