ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༢ ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལས་རིམ་དབུ་འཛུགས་གནང་བ་དང་། ཚོགས་ཐེངས་དང་པོ་དང་གཉིས་པར་བོད་ནང་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་ཐོག་བགྲོ་གླེང་མུ་མཐུད་དུ་གནང་བ་དང་། དེར་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས། སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས། སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས། སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས། སྤྱི་འཐུས་ནོར་བུ་ཚེ་རིང་ལགས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་བཅས་ཀྱིས་ཆ་ཤས་བཞེས་གནང་།
དེའི་རྗེས་ཉིན་རྒྱབ་ཏུ་ཚོགས་ཐེངས་གསུམ་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཐོག་རྒྱལ་སྤྱིའི་ངོས་ནས་ད་བར་རྒྱབ་སྐྱོར་གང་མང་ཐོབ་ཡོད་པ་གསུངས་ཏེ། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་དང་། དེ་མཚུངས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཡིག་ཆ་ ༧ ལ་དགོངས་ཚུལ་གསུངས་ཏེ་དེ་རྗེས་གཞུང་འབྲེལ་ཡིག་ཆ་ ༧ པར་བཀའ་ཤག་གིས་རྒྱབ་སྐྱོར་གནང་། དེ་ནས་དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས། ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་ལགས་བཅས་ཀྱིས་ཡིག་ཆ་དེའི་ཐོག་བགྲོ་གླེང་རྒྱས་པར་གནང་། དེ་ནས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་གཞུང་འབྲེལ་ཡིག་ཆ་ཨང་ ༩ བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༦་་་༡༧ ལོའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོར་བགྲོ་གླེང་གནང་། དེ་རྗེས་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦་་་༡༧ ལོའི་སྤྱི་ཡོངས་སྔོན་རྩིས་གསུང་བཤད་ཐོག་བགྲོ་གླེང་གནང་བ་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ཀྱང་ཆ་ཤས་བཞེས་ཏེ་སྔོན་རྩིས་ཐོག་བགྲོ་གླེང་ཆ་ཚང་མཇུག་བསྒྲིལ་བའི་ལས་རིམ་སྙིང་བསྡུས་སུ།