ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༤ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་གྲོས་ཚོགས་དབུ་འཛུགས་ཀྱིས་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ཡིག་ཆ་ཨང་ ༦༠ དང་། གྲོས་ཆོད་ཨང་ ༢༠༡༥།༡༥།༨ འཁོད་པའི་དགོངས་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༦ པའི་རྒྱབ་གཉེར་སྙན་ཐོ་དོན་ཚན་ ༥ ནང་གསེས་ ཀ པའི་ནང་གསལ་བཞིན། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རྩིས་ཁྲའི་གནས་སྟངས་སྤྱི་ཡོངས་ཐོག་ཞིབ་འཇུག་མཐིལ་ཕྱིན་གནང་སླད། གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་གིས་སྙན་སྒྲོན་གནང་བ་དང་། དེ་རྗེས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༦ པའི་ཞིབ་འཇུག་སྙན་ཐོར་འཛིན་སྐྱོང་བཀའ་ཤག་གིས་བདའ་འདེད་མཇུག་སྐྱོང་ཇི་གནང་གི་སྙན་ཐོ་ཕུལ་འབྱོར་བྱུང་བར། སྤྱི་འཐུས་རྒྱུན་ལས་ནས་མཇུག་སྐྱོང་ཇི་ཞུས་ཀྱི་ལས་བསྡོམས་སྙན་ཐོ་ཡིག་ཆ་ཨང་ ༤༡ པ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རྩིས་ལོ་ ༢༠༡༠ ནས་ ༢༠༡༢ བར་གྱི་རྩིས་ཁྲའི་གནས་སྟངས་ལ་གྲོས་ཚོགས་ཀྱི་ཆེད་བཙུགས་ཚོགས་ཆུང་གིས་ཞིབ་འཇུག་ཞུས་པའི་གྲུབ་དོན་སྙན་ཐོ་ཡིག་ཆ་ཨང་ ༤༢ པ་བཅས་སྙན་སྒྲོན་ཞུས་ཟིན་པའི་ཐོག་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་བཏོན་གནང་བ་དང་། སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྒྱབ་སྐྱོར་གནང་སྟེ་སྤྱི་འཐུས་ ༡༣ དང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བགྲོ་གླེང་དང་དགོངས་ཚུལ་ལྷུག་པོར་གནང་།
ཁྲིམས་བཟོའི་ལས་དོན། བརྗོད་པ་གཉིས་པ། ཡིག་ཆ་ཨང་ ༥༡།༤༦།༤༨།༤༩།༥༢།༥༣ པ། བརྗོད་པ་གཉིས་པ་ཟིན། གྲོས་ཚོགས་ནང་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ ༡༠ དང་། དགེ་ལས་ ༢ ད་རེས་གྲོས་ཚོགས་སུ་ཟུར་ཉན་ལ་ཕེབས་ཡོད་པ་དང། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམས་ལ་ཕེབས་བསུ་དང་གྲོས་ཚོགས་ཚོགས་མི་ཡོངས་ནས་དགའ་བསུ་ཞུས་གནང་།
བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་གནང་བར་སྤྱི་འཐུས་ ༡༢ ཀྱིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས། ཕྱི་དྲོ་ཆུ་ཚོད་ ༥ པ་ནས་སྤྱི་འཐུས་རྣམ་པའི་བཞུགས་མོལ་ཚོགས་འདུ་གནང་ཡོད་པ་བཅས། ཉིན་དགུ་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།