སྐབས་ ༡༥ པའི་གྲོས་ཚོགས་ཚོགས་འདུས་ ༡༠ པ་ཕྱི་ལོ་ ༢༠༡༥།༩།༡༥ ནས་ ༢༥ བར་འཚོགས་བཞིན་པའི་ལས་ཉིན་བདུན་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

 

ཕྱི་ལོ་༢༠༡༥ ཟླ་ ༩ ཚེས་ ༢༢ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་གྲོས་ཚོགས་དབུ་འཛུགས་དང་འབྲེལ། ཡིག་ཆ་ཨང་ ༣༧ པ། འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༤ ་་་ ༡༥ ལོའི་ལས་བསྡོམས་སྙིང་བསྡུས། DSC04465དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྙན་སྒྲོན་གནང་བ་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་གིས་སྙན་སྒྲོན་གནང་། སྙན་སྒྲོན་ཟིན་པའི་ལས་བསྡོམས་དང་སྙན་ཐོ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་རྒྱ་རིགས་ཐར་མཆོག་ནས་བཏོན་གནང་བ་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་སྟེ་སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་ ༡༥ དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་ལན་འདེབས་གསལ་བཤད་གནང་།DSC04473

ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་གྲོས་ཚོགས་ནང་རྒྱ་གར་སྐུ་མགྲོན་ (National Commission for Scheduled Tribes) ཚོགས་པའི་ཚོགས་གཙོ་དང་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shri Ravi Thakur གཙོས་པའི་ལས་བྱེད་པ་ ༣ ཕེབས་ཡོད་པ་དང། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཕེབས་བསུ་དང་སྦྲགས་ཁོང་རྣམ་པའི་ངོ་སྤྲོད་གནང་སྟེ་གྲོས་ཚོགས་ཚོགས་མི་ཡོངས་ནས་སྐུ་བཞེངས་ཐོག་དགའ་བསུ་ཞུས་གནང་།

ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙིང་བསྡུས་དང་། DSC04469སྤྱི་ཡོངས་རྒྱུན་ལས་ཀྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པར་མུ་མཐུད་བགྲོ་གླེང་སྐབས་སྤྱི་འཐུས་ ༡༥ ཡིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་།

ཡིག་ཆ་ཨང་ ༢༧ པ། ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙིང་བསྡུས་དང་། DSC04479སྤྱི་ཡོངས་རྒྱུན་ལས་ཀྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པར་མུ་མཐུད་བགྲོ་གླེང་སྐབས་སྤྱི་འཐུས་ ༦ གིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་། ཕྱི་ཉིན་ལས་དོན་འདིའི་ཐད་མུ་མཐུད་བགྲོ་གླེང་དང་ལན་འདེབས་གསལ་བཤད་གནང་རྒྱུ་བཅས། ཉིན་བདུན་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།

 

 

 

 

Menu