སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པ་ཕྱི་ལོ་ ༢༠༡༥།༣།༡༦ ནས་ ༢༨ བར་འཚོགས་བཞིན་པའི་ལས་ཉིན་བཅུ་གཅིག་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ པ་ཕྱི་ལོ་ ༢༠༡༥།༣།༡༦ ནས་ ༢༨ བར་འཚོགས་བཞིན་པའི་ལས་ཉིན་བཅུ་གཅིག་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

DSC03988ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༧ ཉིན་རྒྱབ་ཕྱག་ཚོད་ ༢།༠༠ ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་ཡིག་ཆ་ཨང་ ༥༡ པ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་། བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་སྤྱི་ཡོངས་ཀྱིས་བགྲོ་གླེང་ཐོག་བརྗོད་པ་དང་པོ་དང་གཉིས་པ་ཟིན། ཡིག་ཆ་ཨང་ ༥༢ པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་བརྗོད་པ་དང་པོ་དང་གཉིས་པ་གཉིས་མཉམ་དུ་མང་མོས་ཐོག་ཟིན།

དེ་ནས་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་ཡིག་ཆ་ཨང་ ༤༢།༤༣།༤༤ པ་རྣམས་སྙན་སྒྲོན་གནང་བ་དང་དེ་ལ་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་གིས་རྒྱབ་སྐྱོར་གནང་བ་དང་སྦྲགས་དེའི་ཐོག་བརྗོད་པ་དང་པོ་གཉིས་པ་ཟིན།

སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་ཡིག་ཆ་ཨང་ ༤༡ པ་ཁྲིམས་དྲུང་ལས་ཁུངས་དང་། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཐད་བསྐོས་ལས་བྱེད་རྣམས་ལས་བྱེད་སྤྱིའི་སྒྲིག་གྲལ་དུ་ཟླ་སྒྲིལ་གཏོང་ཕྱོགས་སླད་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་བ་དང་དེའི་ཐོག་སྤྱི་འཐུས་ཁག་གིས་བགྲོ་གླེང་གནང་སྟེ་སྤྱི་འཐུས་རྒྱུན་ལས་ནས་སླར་ཡང་འབྲེལ་ཡོད་གོ་བསྡུར་བྱ་རྒྱུ་ངང་འཐེན་གDSC03993ནང་།

གཞུང་འབྲེལ་གྲོས་འཆར་གྱི་ཡིག་ཆ་ཨང་ ༥༣ པ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྒྱབ་སྐྱོར་གནང་།

ཡིག་ཆ་ཨང་ ༥༦ པ། སྤྱི་འཐུས་རྒྱ་རིགས་མཐར་མཆོག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་སྙན་སྒྲོན་གནང་བ་དང་། དེ་ལ་སྤྱི་འཐུས་གངས་ལྷ་མོ་མཆོག་གིས་རྒྱབ་སྐྱོར་གནང་བ་སྦྲགས་སྤྱི་མོས་ཐོག་གཏན་འབེབས་གནང་།

གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ཡིག་ཆ་ཨང་ ༣༧ པ་ཕྱི་རྒྱལ་ཁག་ནང་གནས་འཁོད་བོད་རིགས་དཔྱ་དངུལ་འབུལ་ཆད་ཡོད་རིགས་རྣམས་ལ་ཆག་ཡང་གོ་སྐབས་གནང་རྒྱུའི་ཐོག་ལ་གྲོས་ཆོད་དེ་མང་མོས་ཐོག་གཏན་འབེབས་གནང་བ་དང་བཅས་ལས་ཉིན་བཅུ་གཅིག་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།

Menu