སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པ་ཕྱི་ལོ་ ༢༠༡༥།༣།༡༦ ནས་ ༢༨ བར་འཚོགས་བཞིན་པའི་ལས་ཉིན་བཅུ་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པ་ཕྱི་ལོ་ ༢༠༡༥།༣།༡༦ ནས་ ༢༨ བར་འཚོགས་བཞིན་པའི་ལས་ཉིན་བཅུ་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

1ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༦ ཉིན་སྔ་དྲོ་ཕྱག་ཚོད་ ༡༠།༡༥ ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༦ པ་དྲིས་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༩ ཡིས་འཕྲོས་དོན་དྲི་བ་གནང་བ་ཁག་སོ་སོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་།

དེ་རྗེས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་བཅས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་ཀྱི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་གནང་།

ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གཉིས་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་ཡིག་ཆ་ཨང་ ༡༧ སྤྱི་མོས་ལྟར་བརྗོད་པ་གཉིས་པ་གཏན་འབེབས་གནང་བ་དང་། ཡིག་ཆ་ཨང་ ༡༨ པ། བརྗོད་པ་གཉིས་པ་རྩ་འབོར་སུམ་རྩ་གཉིས་ཐོག་གཏན་འབེབས་གནང་།

ཡིག་ཆ་ཨང་ ༡༩།༢༠།༢༡།༢༢།༢༣ དང་ཡིག་ཆ་ཨང་ ༢༤།༢༦།༢༧ རྣམས་སྤྱི་མོས་ལྟར་བརྗོད་པ་གཉིས་པ་ཟིན། ཡིག་ཆ་ཨང་ ༢༨ པ། བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་བརྗོད་པ་གཉིས་པའི་ཐོག་གཏན་འབེབས་གནང་།2

ཉིན་རྒྱབ་ Nadi. gopalpur དང་ Sudher ( Gram panchayat) ས་ཁུལ་གསུམ་ནས་ཕེབས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་འགོ་འཁྲིད་པ་ Avit kumar nehria མཆོག་དང་། ཁོང་གི་ལས་རོགས་འགོ་འཁྲིད་པ་དང་འཐུས་མི་ ༢༡ གྲོས་ཚོགས་ནང་ཕེབས་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་གིས་ཕེབས་བསུ་དང་སྦྲགས་ཁོང་རྣམ་པའི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་སྟེ་ཚོགས་མི་ཡོངས་ནས་དགའ་བསུ་ཞུས།

ཡིག་ཆ་ཨང་ ༢༩།༣༠།༣༡།༣༢།༣༣།༣༤ པ་རྣམས་སྤྱི་མོས་ཐོག་བརྗོད་པ་གཉིས་པ་ཟིན།

ཁྲིམས་བཟོའི་ལས་དོན་ཁག་གཅིག་གི་བརྗོད་པ་དང་པོ་དང་། གཉིས་པ། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༢༥ པ་དོན་ཚན་ཁག་གཅིག་རྣམས་ངོ་ཡོད་སུམ་རྩ་གཉིས་ཐོག་གཏན་འབེེབས་གནང་།

3ཡིག་ཆ་ཨང་ ༥༡ པ། དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་། བདེ་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་སྙན་སྒྲོན་གནང་བ་དང་། དཔལ་ལྡན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་བ་དང་སྦྲགས་བརྗོད་པ་དང་པོ་དང་གཉིས་པ་གཉིས་མཉམ་དུ་འགྲོ་བཞིན་པ་བཅས་ལས་ཉིན་བཅུ་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།