སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པ་ཕྱི་ལོ་ ༢༠༡༥།༣།༡༦ ནས་ ༢༨ བར་འཚོགས་བཞིན་པའི་ལས་ཉིན་བརྒྱད་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

DSC03897ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༤ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༣ པ་དྲིས་གནང་བར་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་ནས་ལན་འདེབས་གནང་།

དེ་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༦ པའི་ལས་བསྡོམས་དང་།DSC03901 སྙན་ཐོ་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་ཡིག་ཆ་ཨང་ ༤༠། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༦ པའི་ལས་བསྡོམས་དང་། སྙན་ཐོ་སྙན་སྒྲོན་ཟིན་པའི་ཐོག་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་། དེ་ལ་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་གིས་རྒྱབ་སྐྱོར་གནང་བ་དང་སྦྲགས། སྤྱི་འཐུས་ ༡༡ གིས་ཆ་ཤས་བཞེས་ཏེ་བགྲོ་གླེང་ལྷུག་པོར་མཇུག་བསྡུ་གནང་།

DSC03904ཡིག་ཆ་ཨང་ ༤༥ པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་འཛུགས་གནང་བའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་བསྐྱར་བཅོས་ལ་ཞིབ་འཇུག་སླད་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་སྙན་སྒྲོན་གནང་བ་དང་བཅས་ལས་ཉིན་བརྒྱད་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།