ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༣ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠
ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༦པ་དྲིས་གནང་བར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༣ གྱིས་འཕྲོས་དོན་དྲི་བ་གནང་བ་ཁག་སོ་སོར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྐར་རྟགས་ཅན་གྱ
ི་དྲི་བ་ཨང་ ༩ པ་དྲིས་གནང་བར་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས་དེ་ལ་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༣ གྱིས་འཕྲོས་དོན་དྲི་བ་གནང་བ་ཁག་སོ་སོར་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།དེ་རྗེས་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་དང་པོ།བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་ཡིག་ཆ་ཨང་ ༡༧ པ་དང་། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་༡༩ པ།
གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༢༠། ༢༡། ༢༢།༢༣།༢༤།༢༦ དེ་བཞིན་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༢༧། ༢༨། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༢༩། ༣༠། ༣༡།༣༢།༣༣། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༣༤ པ་ཁྲིམས་ཡིག་བཅས་སྙན་སྒྲོན་དང་སྦྲགས་བརྗོད་པ་དང་པོ་ཟིན། དེ་ནས་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་རྣམས་གཞུང་འབྲེལ་ལས་དོན་བསྐྱོད་ཕྱོགས་ཀྱི་གཞུང་འབྲེལ་སྒྲིག་གཞི་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༣༥ པ་སྙན་སྒྲོན་གནང་བ་དང་། དེ་ལ་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་གིས་རྒྱབ་སྐྱོར་གནང་བ་དང་སྦྲགསབརྗོད་པ་དང་པོ་ཟིན། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༣༦ པ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་གིས་སྙན་སྒྲོན་གནང་བ་དང་། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་བ་དང་སྦྲགས་དེའི་ཐོག་ལ་བགྲོ་གླེང་སྤྱི་འཐུས་ ༣ གྱིས་ཆ་ཤས་བཞེས་གནང་བ་མ་ཟད་རྗེས་སུ་མུ་མཐུད་ནས་བགྲོ་གླེང་གནང་རྒྱུ་གནང་།
ཡིག་ཆ་ཨང་ ༣༧ པ། དཔལ་ལྡན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་ཕྱི་རྒྱལ་ཁག་ནང་གནས་འཁོད་བོད་རིགས་དཔྱ་དངུལ་འབུལ་ཆད་ཡོད་རིགས་རྣམས་ལ་ཆག་ཡང་གོ་སྐབས་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་སྙན་སྒྲོན་གནང་བ་དང་། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་བ་དང་སྦྲགས། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་ ༡༢ཀྱིས་ཆ་ཤས་བཞེས་ནས་བགྲོ་གླེང་ལྷུག་པོར་གནང་བ་དང་གཏན་འབེབས་རྗེས་སུ་གནང་རྒྱུ། དེ་རྗེས་ཉིན་སྔོན་མའི་ལས་རིམ་འཕྲོ་སྐྱོང་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་སྔོན་རྩིས་གཏན་འབེབས་གནང་བ་བཅས་ལས་ཉིན་བདུན་པར་གྲོས་ཚོགས་སུ་ལས་རིམ་ བསྐྱངས་པའི་གནས་བསྡུས་སུ།།