སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པ་ཕྱི་ལོ་ ༢༠༡༥།༣།༡༦ ནས་ ༢༨ བར་འཚོགས་བཞིན་པའི་ལས་ཉིན་དྲུག་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པ་ཕྱི་ལོ་ ༢༠༡༥།༣།༡༦ ནས་ ༢༨ བར་འཚོགས་བཞིན་པའི་ལས་ཉིན་དྲུག་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

DSC03765ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༡ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༥ པ་དྲིས་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༡༡ གིས་འཕྲོས་དོན་དྲི་བ་གནང་བ་ཁག་སོ་སོར་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༧ པ་དྲིས་གནང་བར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་དེ་ལ་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༨ ཀྱིས་འཕྲོས་དོན་དྲི་བ་གནང་བ་ཁག་སོ་སོར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

ཉིན་རྒྱབ་མན་ཌི་དང་མཚོ་པདྨ་གཉིས་ནས་ཕེབས་པའི་འཕགས་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ Mr Vishal takur དང་། ཁོང་གི་ལས་རོགས་ ༩ གྲོས་ཚོགས་ནང་ཕེབས་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་གིས་ཕེབས་བསུ་དང་སྦྲགས་ཁོང་རྣམ་པའི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་སྟེ་ཚོགས་མི་ཡོངས་ནས་དགའ་བསུ་ཞུས།DSC03863

དེ་རྗེས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་བཅས་ཕྱི་དྲིལ་ལས་ཁུངས་མ་ལག་དང་། འོས་བསྡུ་དང་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་། འདེམས་ལྷན་དང་དཔལ་འབྱོར་ལས་ཁུངས་བཅས་ཀྱི་སྔོན་རྩིས་གཏན་འབེབས་དང་། ཆོས་རིག་ལས་ཁུངས་བཅས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་སྔོན་རྩིས་གཏན་འབེབས་གནང་མུས་ཡིན་པ་དང་།

སྤྱི་ལྷན་ཚོགས་དྲུང་སྟོབས་རྒྱལ་མཆོག་ནས་སྤྱི་འཐུས་རྣམ་པའི་དགོངས་ཤོག་དང་། བདུན་རྗེས་མའི་ལས་རིམ་སྙན་སྒྲོན་གནང་བ་དང་བཅས་ཀྱི་ལས་ཉིན་དྲུག་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།

 

 

Menu