སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ལྟར་སྤྱི་འཐུས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང། སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་རྣམ་གཉིས་ལ་དྭགས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཕོ་རོ་སེ་ཁན།མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཕོ་རོ་སེ་ཁན།དབུས་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཐུབ་བསྟན་ཚེ་དབང་།དབུས་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཐུབ་བསྟན་ཚེ་དབང་།
བྱང་ཐང་ཧང་ལེན་ས་གནས།བྱང་ཐང་ཧང་ལེན་ས་གནས།བྱང་ཐང་ས་སྟོད་ཀྱི་འདུ་འཛོམས་སར།བྱང་ཐང་ས་སྟོད་ཀྱི་འདུ་འཛོམས་སར།
དེ་ཡང་སྤྱི་འཐུས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༥ ནས་ཟླ་ ༧ ཚེས་ ༧ བར་གཞུང་འབྲེལ་ས་བགོས་ཤྲི་ན་གྷར་བོད་པ་ཁ་ཆེའི་གཞིས་ཆགས། ཀར་གྷིལ། བྱང་ཐང། རྒོད ཧན་ལེན། ཆུ་ཤུར། ནུ་མ། སུམ་མདོ། ས་སྟོད། ལ་དྭགས་སླེ་བཅས་སུ་ཆེད་ཕེབས་ཀྱིས་གཞིས་འགོ་ལས་ཁུངས་དང་། མཉམ་འབྲེལ། འཕྲོད་བསྟེན། རང་བདེན་ཚོགས་ཆུང། བོད་མིའི་ཚོང་གཉེར་པའི་ཁྲོམ་ར་སོགས་ལ་གཟིགས་ཞིབ་གནང་ཡོད་ལ། གཞིས་ཆགས་དང་ས་གནས་སོ་སོའི་མི་མང་འདུ་འཛོམས་དང་བོད་ཁྱིམ་སློབ་གྲྭའི་དགེ་སློབ་སར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་འགྲེལ་བརྗོད་གནང་རྗེས་དྲི་བ་བྱུང་ཁག་ལ་ལན་འདེབས་གནང་ཡོད་པ་མ་ཟད། དེ་བཞིན་ལམ་སྒྲོན་སློབ་གྲྭའི་སྔ་དྲོའི་འདུ་འཛོམས་སྟེང་། སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ནས་ཧིན་སྐད་ཐོག་༸གོང་ས་མཆོག་གི་མཛད་འཕྲིན་སྐོར་དགེ་སློབ་བརྒྱད་བརྒྱ་ཙམ་ལ་ངོ་སྤྲོད་ཞུས་པ་དང་། སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ཚོུད་གཅིག་རིང་སློབ་གྲྭའི་བོད་དགེ་རྣམས་ལ་བོད་ཡིག་སློབ་ཁྲིད་བྱེད་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་དང་། ཁྱད་པར་དུ་སྤྱི་འཐུས་རྣམ་གཉིས་ཀྱིས་ཀོང་རི་སིའི་ལས་ཁུངས་སུ་སྐུ་ཞབས་ཚེ་རིང་བསམ་འཕེལ་མཆོག་དང། དེའི་སྔོན་གྱི་དབུས་གྲོས་ཚོགས་འཐུས་མི་རྣམ་རྒྱལ་མཆོག མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ཧྥོ་རོ་ཇི་ཁན་མཆོག མངའ་སྡེ་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་རིག་འཛིན་འབྱོར་བ་མཆོག ལ་དྭགས་རང་སྐྱོང་ཚོགས་པའི་སྡེ་དཔོན་རིག་འཛིན་དཔལ་འབར་མཆོག ནང་ཚོགས་ཀྱི་ཚོགས་གཙོ་མཆོག་སོགས་གལ་ཆེའི་མི་སྣ་མང་པོ་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང། ས་གནས་སོ་སོར་འཕྲད་བཞིན་པའི་དཀའ་ངལ་ལ་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཏེ་འགའ་ཞིག་ལ་རོགས་རམ་གནང་རྒྱུའི་ཞལ་བཞེས་ཡང་ཐོབ་པ་བྱུང་།
ལ་དྭགས་ཀོང་རི་སིའི་སྤྱི་ཁྱབ་ཚེ་རིང་བསམ་འཕེལ་དང་དབུས་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་རྣམ་རྒྱལ་ལགས།ལ་དྭགས་ཀོང་རི་སིའི་སྤྱི་ཁྱབ་ཚེ་རིང་བསམ་འཕེལ་དང་དབུས་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་རྣམ་རྒྱལ་ལགས།མངའ་སྡེ་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་རིག་འཛིན་འབྱོར་བ་མཆོགམངའ་སྡེ་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་རིག་འཛིན་འབྱོར་བ་མཆོག
ནང་པའི་ཚོགས་གཙོ།ནང་པའི་ཚོགས་གཙོ།ལ་དྭགས་རང་སྐྱོང་ཚོགས་པའི་སྡེ་དཔོན་རིག་འཛིན་དཔལ་འབར།ལ་དྭགས་རང་སྐྱོང་ཚོགས་པའི་སྡེ་དཔོན་རིག་འཛིན་དཔལ་འབར།
གོང་གསལ་སྤྱི་འཐུས་རྣམ་གཉིས་ས་གནས་ཁག་ཏུ་ཕེབས་སྐབས་ས་གནས་མི་མང་ནས་བདེ་སྡུག་དཀའ་ངལ་ཇི་ཞུས་དང། གཟིགས་ཚུལ་ཁག ལྷག་པར་དུ་མཁར་ནག་དང་། སུམ་མདོ། ས་སྨད་སོགས་སུ་ DSPT STD Phone ཁ་པར་འདི་འཛུགས་ཐབས་གནང་གལ་ཆེ་སྐོར་ས་འགོའི་ལས་ཁུངས་ནས་ཀྱང་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་བ་ཞུས་པ་འདུག་པ་དང། སྤྱི་འཐུས་རྣམ་གཉིས་ནས་ཀྱང་དམིགས་བསལ་འདིའི་ཐོག་ཤུགས་སྣོན་བསྐྱོན་གནང་ཡོད་ཀྱང་མུ་མཐུད་ནས་མཇུག་སྐྱོང་གནང་གལ་ཆེ་ཚུལ་དང། ཟ་འབྲུའི་ལག་དེབ་དང། ས་ཚོང་སྐོར་གྱི་གླིང་གཞི་མཆིས་ཚུལ་སོགས་ལས་བསྡོམས་སྙན་ཐོའི་ཞིབ་འགོད་ཀྱིས་སྤྱི་འཐུས་རྒྱུན་ལས་སུ་སྙན་སེང་དང་སྦྲགས་དཀའ་སེལ་མཇུག་སྐྱོང་དགོས་རིགས་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་སོ་སོར་འབུལ་ལམ་ཞུ་རྒྱུ་ཡིན་འདུག།

Menu