སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བདུན་པའི་གནས་ཚུལ།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བདུན་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བདུན་པ་བསྐྱངས་གནང་སོང་།

དེ་ཡང་སྔ་དྲོ་ཁྲིམས་བཟོའི་ལས་དོན་གྱི་ལས་རིམ་ཐོག་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་གིས་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་སྙན་སྒྲོན་གནང་གྲུབ་མཚམས། ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་ཀྱི་ལས་རིམ་མུ་མཐུད་ཀྱིས་ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཟུར་བཀོལ་སྔོན་རྩིས་བཅས་གྲོས་ཚོགས་ནས་གཏན་འབེབས་གནང་བ་དང།

ཤེས་རིག་ལས་ཁུངས་དང་འབྲེལ་བའི་ལས་དོན་ཐོག་སྤྱི་འཐུས་རྣམ་པས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྐོར་དང་། མཐོ་སློབ་སློབ་ཡོན་དང་། གཟའ་མཇུག་སློབ་གྲྭ། སློབ་གྲྭ་ཟླ་བསྒྲིལ་སྐོར། དཔེ་དེབ་དཔར་སྐྲུན་དང་འགྲེམས་སྤེལ་ལས་གཞི་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང།

ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་ཐོག་སྤྱི་འཐུས་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་ཉམས་གསོ་དང་། ནང་སྲིད་ས་ཁང་བདག་གཉེར་ཁང་། ས་ཁང་སྒྲིག་གཞི། སོ་ནམ་ལས་གཞི། མཚོ་པདྨའི་དབུ་རྩེ་རི་ཁྲོད་ཀྱི་ས་ཆའི་དཀའ་ངལ། བོད་མིའི་མཉམ་འབྲེལ་ཁག། རྗེས་འབྱོར་བའི་སྡོད་ཁང་གསར་རྒྱག་ལས་གཞི་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང།

དེ་རིང་ཤེས་རིག་ལས་ཁུངས་ཀྱི་སྐུ་མགྲོན་ཁག་ཅིག་གྲོས་ཚོགས་འཚོགས་བཞིན་པའི་སྐབས་ཟུར་ཉན་དུ་ཕེབས་པ་དང་། ཁོང་རྣམ་པར་གྲོས་ཚོགས་ནས་དགའ་བསུ་གནང་ཡོད་པ་བཅས།