སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་འཕོ་འགྱུར་གནང་བ།

༄༅། །དེ་རིང་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལོ་དུས་བཞི་པའི་སྐབས་སྤྱི་འཐུས་རྒྱུན་ལས་བཞི་འཕོ་འགྱུར་ཕྱིན་ཡོད་པ་ལས་གཞན་རྣམས་རང་འཇགས་བཞུགས་ཡོད། དེ་ཡང་མདོ་སྟོད་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་རྣམ་གཉིས་ཀྱི་ཚབ་ཏུ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་བློ་བཟང་གྲགས་པ་མཆོག་རྣམ་གཉིས་ཕེབས་གནང་བ་དང་། དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གི་ཚབ་ཏུ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། མདོ་སྨད་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་གི་ཚབ་ཏུ་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་བཅས་ཕེབས་གནང་ཡོད།

 

 

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱུན་ལས་གསར་པ་ཕེབས་པ་རྣམས་ལ་འཚམས་འདྲི་དང་སྦྲགས། རྒྱུན་ལས་རྣམ་པ་སྡེ་ཚན་གསུམ་ལ་ཆ་བགོས་གནང་བ་གསལ་བསྒྲགས་གནང་སོང་།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པ། རྒྱུན་ལས་ཀྱི་སྡེ་ཚན་ཞེས་པའི་འོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡ ནས་ ༢༠༢༠ ཟླ་ ༥ ཚེས་ ༣༡ བར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་བཞི་པའི་སྡེ་ཚན་དང་། སྤྱི་འཐུས་མི་འགྲོ་ཆ་བགོས་གནང་བར།

སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག

རྒྱུན་འབྲེལ་སྡེ་ཚན་དུ་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་བློ་བཟང་གྲགས་པ་མཆོག

སྤྱི་འཐུས་བློ་བཟང་གྲགས་པ་མཆོག

ཆབ་སྲིད་སྡེ་ཚན་དུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག

སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག

དེ་བཞིན་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་དུ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག་བཅས་ལ་ཐུགས་གཏན་འཁེལ་གནང་སྟེ་དངོས་སུ་ལས་འཁུར་ཞུས་གནང་ཡོད་པ་བཅས། །