སེ་ལ་ཀུའེ་རུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།

བོད་ཁྱིམ་སློབ་མ་རྣམ་ཀྱིས་བདེན་པའི་མེ་ལྕེར་ཕེབས་བསུ་ཞུ་བཞིན་པ།བོད་ཁྱིམ་སློབ་མ་རྣམ་ཀྱིས་བདེན་པའི་མེ་ལྕེར་ཕེབས་བསུ་ཞུ་བཞིན་པ།སེ་ལ་ཀུའེ་བོད་ཁྱིམ་སློབ་མ་རྣམ་ཀྱིས་བདེན་པའི་མེ་ལྕེར་སྐོར་བསྐྱོད་གནང་བཞིན་པ།སེ་ལ་ཀུའེ་བོད་ཁྱིམ་སློབ་མ་རྣམ་ཀྱིས་བདེན་པའི་མེ་ལྕེར་སྐོར་བསྐྱོད་གནང་བཞིན་པ།

༄༅། །ཧར་པ་སྤུར་འདོད་གུ་གཡུལ་རྒྱལ་གླིང་གི་ཁྱབ་ཁོངས་སེ་ལ་ཀུའེ་ལས་རིགས་སློབ་གཉེར་ཁང་དང་། སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭ་གཉིས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མུ་སྤེལ་བའི་གནས་ཚུལ།

སེ་ལ་ཀུའེ་རུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།སེ་ལ་ཀུའེ་རུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།སེ་ལ་ཀུའེ་རུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།སེ་ལ་ཀུའེ་རུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།

ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༦ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨།༠༠ ཐོག་ཧར་སྤུར་ས་གནས་འགོ་འཛིན་གཙོས་ས་འཐུས་ཚོགས་གཙོ་ཚོགས་གཞོན་དང་། ས་གནས་རང་བདེན་ཚོགས་ཚོགས་གཙོ། ས་གནས་གཞོན་ནུ་དང་ས་གནས་བུད་མེད་ཀྱི་ཚོགས་གཙོ་དང་ཚོགས་མི་རྣམས་ཀྱིས་རྒྱ་གར་བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་དེ་ཉིད་ཧར་སྤུར་དྭང་ཟུར་རྒས་གསོ་ཁང་ནས་གདན་འདྲེན་གྱིས་ཐོན་དེ་ཆུ་ཚོད་ ༨།༣༠ ཐོག་སེ་ལ་ཀུའེ་ལས་རིགས་སློབ་གཉེར་ཁང་གི་འགན་འཛིན་ལྷག་པ་ལགས་སུ་རྩིས་སྤྲོད་ཞུས་པ་དང༌། སེ་ལ་ཁུལ་ལས་རིགས་སློབ་གཉེར་ཁང་གི་འགན་འཛིན་དང་དགེ་ལས་སློབ་ཕྲུག་ཡོངས་ནས་རུ་བསྟར་ལེགས་སྒྲིག་ཀྱིས་ཕེབས་བསུ་སྣེ་ལེན་ཞུས་ནས་ཆུ་ཚོད་ ༨།༣༠ ཐོག་མཛད་སྒོ་དབུ་འཛུགས་ཞུས་པ་དང་མཛད་སྒོར་མཉམ་ཞུགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད།

སེ་ལ་ཀུའེ་རུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།སེ་ལ་ཀུའེ་རུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།

ཕྱི་ལོ་ ༢༠༡༢ ཟླ་བ་ ༩ པ་ ཚེས་ ༡༧ གྱི་སྔ་དྲོ་ཕྱག་ཚོད་ ༥་༣༠ ཐོག་སེ་ལ་ཀུའེ་བོད་ཁྱིམ་གྱི་སིལ་པོལ་ཐང་ཆེན་དུ་སེ་ལ་ཀུའི་བོད་ཁྱིམ་སློབ་སྤྱི་དང་ལས་སློབ་ལྷན་འཛོམས་ཐོག་ལས་རིགས་སློབ་གཉེར་ཁང་གི་འགན་འཛིན་དང་ལས་སློབ་བཅས་ཀྱི་ཕྱག་ནས་བདེན་པའི་མེ་ལྕེ་རྩིས་བཞེས་གནང་། དང་ཐོག་སློབ་སྤྱི་མཆོག་ནས་བདེན་པའི་མེ་ལྕེ་ལ་མཇལ་དར་བསྒྲོན་པ་དང་དེ་ནས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་རྟ་རུ་གྱེར། དེ་ནས་བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རང་ལུས་ཞུགས་འབུལ་གནང་མཁན་རྣམས་ཀྱིས་མཚོན། བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་སྐར་མ་ ༡ རིང་མྱ་ངན་གུས་འདུད་ཞུས། དེ་རྗེས་བོད་ཡིག་དང་དབྱིན་ཇི། ཧིན་དྷི་བཅས་སྐད་ཡིག་གསུམ་གྱི་ཐོག་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གསལ་བསྒྲགས་སྒྲོག་བྱང་ཞུས་པ་དང་སློབ་སྤྱི་མཆོག་ནས་མཇུག་བསྡོམས་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲུབ་སོང། ཕྱི་ཚེས་ ༡༨ ཉིན་རྒྱབ་སློབ་གྲྭའི་དགེ་ཆེ་མཆོག་དང་ལས་སློབ་ ༤༠ ཙམ་གྱིས་བདེན་པའི་མེ་ལྕེ་བསྣམས་ཏེ་བདེ་སྐྱིད་གླིང་ས་གནས་འགོ་འཛིན་མཆོག་ལ་རྩིས་འབུལ་ཞུས་པ་བཅས་སེ་ལ་ཀུའི་བོད་ཁྱིམ་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་བསྡོམས་སྙིང་བསྡུས་སུ་ཕྱི་ལོ་ ༢༠༡༢/༩/༢༠ ལ་ཕུལ།།

སེ་ལ་ཀུའེ་རུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།སེ་ལ་ཀུའེ་རུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།

Menu