སུད་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་རྡ་སའི་ཁུལ་གྱི་བོད་མིའི་སྡོད་གནས་ཁག་ལ་འཚམས་གཟིགས་ཕེབས་པ།

IMG_8268

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༧ ཉིན་སུད་སི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་བཞུགས་སྒར་རྡ་སར་ཕེབས་གནང་ཡོད་པ་རེད། ཚེས་ ༢༨ ཉིན་ཁོང་རྣམ་པ་བོད་མིའི་སྒྲིག་འཛུགས་ཀྱི་རིག་གཞུང་ལྟེ་གནས་ཁང་དང་། བོད་མི་མང་སྤྱི་འཐུས་ལྷན་ཁང་། བཀའ་ཤག་བཅས་སུ་ཕེབས་ནས་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་སྟེ། བོད་པའི་གནད་དོན་དང་འབྲེལ་བའི་ཐོག་གླེང་མོལ་གནང་ཡོད། ལྷག་པར་དུ་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ལྷན་འཛོམས་ཐོག་ཆུ་ཚོད་ ༡།༠༠ ཙམ་རིང་ཕན་ཚུན་གླེང་མོལ་གནང་ཡོད། ཕྱི་ཚེས་ ༢༩ སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་། བཀའ་སློབ་བཀའ་དྲིན་རྩལ་གནང་མཛད། ཕྱི་ཚེས་ ༣༠ ནས་༣༡ བར་རྡ་སའི་ཁུལ་གྱི་སློབ་གྲྭ་དང་། བོད་གཞུང་སྨན་རྩིས་ཁང་། གཞུང་འབྲེལ་མིན་པའི་ཚོགས་པ། བཙུན་དགོན་སྒྲོལ་མ་གླིང་བཅས་ལ་གཟིགས་སྐོར་ཕེབས་ཡོད་པའི་གནས་ཚུལ་དུ།།

IMG_8534

IMG_8583

IMG_8718

IMG_8466

IMG_8306

Menu