ལྷོ་ཕྱོགས་ས་གནས་གཞོན་ནུ་དང་བུད་མེད་ཚོགས་པ་གཉིས་ཀྱི་གོ་སྒྲིག་ཞུས་པའི་ "Phone, Fax & Email Jam Protest Campaign" ལས་འགུལ་སྤེལ་བ།

ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་༣ ཉིན་སྦེལ་ཀོབ་ནས་གནས་ཚུལ་བཏང་འབྱོར་ལྟར་ན། ཚེས་ ༢ ཉིན་ལྷོ་ཕྱོགས་ས་གནས་གཞོན་ནུ་དང་ས་གནས་བུད་མེད་གཉིས་ཀྱི་གོ་སྒྲིག་ཞུས་པའི་ “Phone, Fax & Email Jam Protest Campaign” ཞེས་པའི་ལས་འགུལ་ཞིག་སྤེལ་གནང་འདུག  གོང་ཚེས་ཉིན་ལྷོ་ཕྱོགས་སྦེལ་ཀོབ་དང་། ཧོན་སུར། ཀོ་ལི་གྷལ། མོན་གྷོ། སྦེང་ལོར། མའི་སོར། ཅེ་ནའི་ TSAM ཚོགས་པ་བཅས་ཀྱིས་ས་གནས་ཁག་སོ་སོར་ཞོགས་པ་ཆུ་ཚོད་ ༡༠ ནས་དགོང་དྲོ་ཆུ་ཚོད་ ༥ པ་བར་ལས་འགུལ་སྤེལ་གནང་འདུག  ལས་འགུལ་ནང་མི་མང་ཁྱོན་ཆེ་མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱལ་ཁའི་ངང་མཇུག་བསྒྲིལ་ཐུབ་པ་བྱུང་འདུག
ཡང་ཚེས་ ༣ ཉིན་མི་མང་ལྷན་འཛོམས་ཟོམ་ཐོག་རྔམ་སྟོན་ཁྲོམ་སྐོར་དང་སྨོན་ལམ་གསོག་སྒྲུབ་སོགས་གནང་འདུག

Menu