ལས་བྱེད་དགོངས་ཞུས་ཀྱི་ཕེབས་སྐྱེལ།

༄༅། །འདི་ག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་སྒ་བ་བསོད་ནམས་རྒྱལ་བ་ལགས་མུ་མཐུད་སློབ་གཉེར་གནང་རྒྱུའི་ཆེད་གནས་སྐབས་ཁོང་གི་ལས་གནས་ནས་དགོངས་ཞུ་གནང་སོང། ཁོང་ཚོགས་དྲུང་ལས་ཁུངས་སུ་ལོ་གཅིག་དང་ཟླ་གསུམ་ཙམ་ལས་རྒྱུན་རིང་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཟླ་བ་གཉིས་རེའི་གནས་འཕྲིན་དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་འཁུར་གནང་ཡོད་པ་དང་། ད་དུང་ཁོང་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་མིའི་མང་གཙོའི་འཕེལ་རིམ་ལོ་རྒྱུས་རྩོམ་སྒྲིག་ཚོགས་ཆུང་ལ་ཕྱག་རོགས་འགན་འཁུར་ཞུ་སྒོས་མཚོན་སྐབས་དོན་བཀོད་སྒྲིག་ཇི་གནང་བཅས་པར་ཧུར་སྐྱེད་གནང་ཡོད། ད་ཆ་ཁོང་ལོ་རྒྱུས་ཆེད་ལས་ཀྱི་ (M.A) གཙུག་ལག་རབ་འབྱམས་པའི་སློབ་གཉེར་ལ་གཞུག་རྒྱུ་ལྟར་ཁོང་གི་སློབ་གཉེར་མཐར་སོན་ལ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས།

2

 

3༼སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཡོངས་ཀྱིས་ཁོང་ལ་ཕེབས་སྐྱེལ་མཇལ་དར་དང་གསོལ་ཇ་ཞལ་ཏོག་འབུལ་བཞིན་པ།༽

 

Menu