ལོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་ལོ་འཁོར་སྔོན་རྩིས་འཆར་གཞིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཆེད་འཛུགས་ཐོག་ནས་ཞིབ་འཇུག་ནན་ཏན་གྱིས་གྲོས་ཚོགས་སུ་གྲུབ་དོན་སྙན་ཐོ་འབུལ་ལམ་ལྟར། རྩིས་ལོ་ ༢༠༡༥་་་༡༦ ལོའི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་དང་། སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་གངས་ལྷ་མོ་མཆོག སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་དང་། སྤྱི་འཐུས་རྒྱ་རིགས་ཐར་མཆོག་བཅས་ལ་བསྐོ་འཛུགས་གནང་བ་བཞིན། ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༢ ཚེས་ ༢༥ ནས་ཚོགས་ཆུང་ལྷན་འཛོམས་ཀྱིས་ཐོག་མར་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་དང་། ཚོགས་ཆུང་གི་དྲུང་ཆེར་སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་སོ་སོར་ཐུགས་གཏན་འཁེལ་འདུག དེ་རྗེས་དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་ནས་ཚོགས་ཆུང་གི་གནང་སྒོ་དང་འབྲེལ་བའི་ལམ་སྟོན་གནང་ཡོད་ཅིང་། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ ༢༠༡༥ ཕྱི་ཟླ་ ༣ ཚེས་ ༡༢ ཉིན་གྲོས་ཚོགས་ཚོགས་དུས་ ༩ པའི་གོང་ཚོགས་དྲུང་ལས་ཁུངས་སུ་འབུལ་གནང་རྒྱུ་གནང་ཡོད་པ་བཅས། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༦ ལ།།