༄༅། །བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༣་་་༡༤ ལོའི་ལོ་འཁོར་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མིར་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང། སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག སྤྱི་འཐུས་རྣམ་དག་གཙུག་ཕུད་མཆོག སྤྱི་འཐུས་རྒྱ་རིགས་ཐར་མཆོག་བཅས་ལ་དམིགས་འཛུགས་བསྐོ་བཞག་གིས་ལོ་འདིའི་ཕྱི་ཟླ་ ༣ པའི་ཚེས་ ༡ ནས་བཟུང་སྔོན་རྩིས་དང་འབྲེལ་བའི་ཞིབ་འཇུག་ལས་དོན་ཁག་དངོས་སུ་འགོ་འཛུགས་གནང་ཡོད་པ་དང། ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་པདྨ་འབྱུང་གནས་མཆོག་སྤྱི་མོས་ཀྱིས་ཐུགས་གཏན་འཁེལ་འདུག་ཅིང་། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་གོང་ཚོགས་དྲུང་ལས་ཁུངས་སུ་འབུལ་གནང་ཐུབ་དགོས་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༣ ཚེས་ ༤ ལ།།