༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༣ ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ ༦༢ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་གཏང་རག་གི་མཛད་སྒོ་ཞིག་ཚོགས་གནང་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དེ་བཞིན་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་རྒྱུན་ལས་དང་ཕྱོགས་བཞུགས་སྤྱི་འཐུས་ཁག་ཅིག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་སོགས་ཆེད་ཕེབས་གནང་འདུག
མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱི་གསུང་བཤད་གནང་དོན། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་ བརྙེས་ཏེ་མི་ལོ་ ༦༢ འཁོར་བའི་དུས་དྲན་གྱི་མཛད་སྒོའི ་ཐོག་ཕེབས་པའི་སྐུ་མགྲོན་གཙོ་བོ ་༸སྐྱབས་རྗེ་ཡོངས་འཛིན་གླིང་རི ན་པོ་ཆེ་མཆོག་གིས་དབུས་སྐྱབས་ གནས་དགེ་འདུན་གྱི་སྡེ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་ གཙོ་ལས་ཟུར་རྣམ་པ། དྲུང་ཆེ་དང་འགན་འཛིན་རྣམ་པ། ཕྱི་ནང་གི་སྐུ་མགྲོན་རྣམ་པ། བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་མཆོ ག་དང་། འགན་འཛིན་སློབ་སྤྱི་དགེ་ལས་རྣམ་ པ། བརྩེ་བའི་སློབ་ཕྲུག་རྣམ་པ། རྒྱ་ཆེའི་མང་ཚོགས་བཅས་ལ་འཚམས་ འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ ་ཡིན།
དེ་རིང་ནི་རྡ་སྟེང་བོད་ཕྲུག་ཁྱི མ་སྡེ་དབུ་བརྙེས་ཏེ་མི་ལོ་ ༦༢ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞི ག་ཡིན། དེ་ཡང་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་ བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ བཙན་བཟུང་བྱས་ཏེ། བོད་མིའི་བླ་ན་མེད་པའི་དབུ་ཁྲི ད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི ་བརྒྱད་ཙམ་བཙན་བྱོལ་དུ་ཕེབས་དགོ ས་བྱུང་སྟེ་བོད་གཞིས་བྱེས་གཉིས་ ཞེས་པའི་གནས་སྟངས་ཆགས། ཡིན་ན་ཡང་བོད་ཀྱི་རང་དབང་བསྐྱར་ གསོ་དང་བོད་མི་རིགས་རིག་གཞུང་ དང་བཅས་པ་རྒྱུན་གནས་ཐུབ་ཕྱིར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་གི་རླབས་ཆེན་གྱི་དགོ ངས་གཞི་ཟབ་མོའི་འོག་བཙན་བྱོལ་བོ ད་ཕྲུག་ཚོར་གནའ་དེང་གི་ཤེས་ཡོན་ སྤྲོད་རྒྱུའི་ཆེད་སློབ་གྲྭ་ཁག་ ཆེད་མངགས་ཟུར་འཛུགས་མཛད་ཡོད།
ད་ལྟ་འདིར་ལོ་འཁོར་དུས་ཚིགས་སྲུ ང་བརྩི་ཞུ་བཞིན་པའི་བོད་ཕྲུག་ཁྱི མ་སྡེ་འདི་བཞིན་ཕྱི་ལོ་ ༡༩༦༠ ལོར་ཇ་མུ་ཁུལ་གྱི་བོད་རིགས་ལམ་ བཟོ་བའི་བུ་ཕྲུག་ ༥༡ ཙམ་ཞིག་ཡོད་པ་ཐོག་མར་གསར་འཛུགས་ ཀྱིས་༸སྐུའི་གཅེན་མོ་དམ་པ་ཚེ་རི ང་སྒྲོལ་མ་མཆོག་ནས་ཐུགས་འགན་བཞེ ས་ཡོད་པ་དང་། ཕྱི་ལོ་ ༡༩༦༤ ལོ་ནས་༸སྐུའི་གཅུང་མོ་བཀའ་ཟུར་ རྗེ་བཙུན་པདྨ་མཆོག་གིས་མི་ལོ་ ༤༢ ལྷག་གི་རིང་ཐུགས་འགན་བཞེས་ཤིང་། ད་ཆ་ཡང་བོད་ཁྱིམ་དབུས་སའི་ལས་དོ ན་རྣམས་ཐུགས་འཁུར་དང་ལམ་སྟོན་ མཛད་བཞིན་ཡོད། ཁོང་གི་མཛད་རྗེས་ལ་ཡི་རངས་ཆེ་ བསྟོད་མཚོན་ཆེད་རྒྱལ་སྤྱིའི་ཐོ ག་ནས་བསྔགས་བརྗོད་ཀྱི་གཟེངས་བསྟོ ད་རིགས་དང་། རང་རིགས་ཚོགས་སྡེ་ཁག་ཅིག་ནས་ཀྱ ང་བཀའ་དྲིན་རྗེས་དྲན་དང་ཆེ་བསྟོ ད་ཀྱི་གཟེངས་རྟགས། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷ ན་ཚོགས་ཀྱི་ངོས་ནས་ཀྱང་གངས་ཅན་ བོད་ཀྱི་ཨ་མ་ཞེས་པའི་མཚན་གསོལ་ གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད། དེ་བཞིན་བོད་ཁྱིམ་དབུ་འཛིན་རིམ་ པས་ཐུགས་འཁུར་ཆེར་བསྐྱེད་ཐོག་ དགེ་ལས་རྣམས་ཀྱི་ལྷག་བསམ་འབད་ འབུངས་ཁུར་སྐྱེད་ལ་བརྟེན་ནས་འཁོ ས་ཞན་ཉམ་ཐག་གི་ཕྲུ་གུ་སྤྱི་དང་། ལྷག་པར་དུ་བོད་ནས་གསར་དུ་འབྱོར་ བའི་བོད་ཕྲུག་རྣམས་ལ་གཟིགས་སྐྱོ ང་གནང་ནས་བོད་བསྟན་སྲིད་མི་རི གས་རིག་གཞུང་ལ་སྨན་པའི་བྱས་རྗེ ས་རླབས་པོ་ཆེ་བཞག་གནང་བར་ཐུགས་ རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་དགོས་གལ་ལ་གཟིགས་ཏེ་ཡན་ ལག་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ དང་། མཐོ་སློབ། བཟོ་རིག་ཤེས་ཡོན་སྡེ་ཁག་དང་བཅས་ པ་གསར་བསྐྲུན་རྒྱ་བསྐྱེད་གནང་ ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ སྡེ་ཁག་གི་ཚོགས་སྡེ་ཆེ་ཤོས་ཤིག་ ཏུ་གྱུར་ཡོད་པར་ཡི་རངས་བསྔགས་ བརྗོད་ཞུ་རྒྱུ་ཡིན།
དེང་སྐབས་བཙན་བྱོལ་བོད་མིའི་སློ བ་གྲྭ་ཁག་ཏུ་སློབ་ཕྲུག་གི་གྲངས་ ཚད་ཇེ་ཉུང་དུ་འགྲོ་བཞིན་པའི་ གནས་སྟངས་ཆགས་ཡོད་རུང་། སློབ་མའི་གྲངས་འབོར་ལ་མ་བལྟོས་ པར། ཐབ་ཆུང་ཆུང་ལ་མེ་ཚ་པོ་ཞེས་པའི་ དཔེ་ལྟར། ད་ཡོད་སློབ་མ་རྣམས་ཀྱི་ཤེས་ཡོན་ གྱི་སྦྱངས་འབྲས་སྔར་ལས་ལྷག་པ་ དང་། འཇོན་ཐང་ཅན། གནའ་དེང་གི་ཤེས་ཡོན་འདབ་ཤོག་ཟུ ང་ལྡན་ཤ་སྟག་ཡོང་རྒྱུའི་དམིགས་ ཚད་བཟུང་སྟེ། འཛིན་སྐྱོང་སྤྱི་དང་ལྷག་པར་དུ་ དགེ་རྒན་རྣམས་ཀྱིས་སློབ་ཕྲུག་ཚོ ར་རང་ཉིད་ཀྱི་བུ་ཕྲུག་ལྟར་བརྩེ་ སེམས་བཅངས་ཏེ་ཤེས་ཡོན་གྱི་སྦྱ ངས་འབྲས་ཡག་ཐོག་ཡག་བརྩེགས་ཐོག ཐུན་མིན་བོད་ཀྱི་ཡ་རབས་ཀུན་སྤྱོ ད་བཟང་པོ་འཇགས་ཐབས་སུ་སྔར་ལྷག་ ཤུགས་སྣོན་རྒྱག་དགོས་པའི་འབོད་ བསྐུལ་ཞུ་རྒྱུ་དང་། དེ་བཞིན་སློབ་གྲྭའི་མ་མ་དང་། བུ་ཕྲུག་སོ་སོའི་ཕ་མའི་ངོས་ནས་ ཀྱང་བུ་ཕྲུག་ཚོའི་ལུས་སེམས་བདེ་ ཐང་ངང་འཚར་ལོངས་ཡོང་རྒྱུར་གཡོ་ གཟོལ་མེད་པར་བྱམས་བརྩེས་བསྐྱངས་ ཏེ་ཕྲུ་གུའི་འཕྲོད་བསྟེན་སོགས་ གང་སྤྱིའི་ཐད་གཞོགས་འདེགས་གནང་ དགོས་པའི་བསྐུལ་མ་ནན་ཏན་ཞུ་རྒྱུ ་ཡིན།
བོད་ཕྲུག་ཁྱིམ་སྡེའི་ངོས་ནས་ཆོ ས་དང་རིག་གཞུང་གཅིག་པའི་ཧི་མ་ལ་ ཡའི་རི་རྒྱུད་ཀྱི་བུ་ཕྲུག་སློབ་ འཇུག་གནང་ནས་ཤེས་ཡོན་གྱི་གཟིགས་ རྟོག་གནང་བཞིན་པ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་གི་དགོངས་གཞི་དང་མཐུ ན་ཅིང་། ཧི་མ་ལ་ཡའི་སྤྱི་ཚོགས་ནང་ཤེས་ཡོ ན་གོང་འཕེལ་ཡོང་ཐབས་དང་། བོད་ཀྱི་ཆོས་དང་རིག་གཞུང་མི་ ཉམས་རྒྱུན་འཛིན་ཐུབ་རྒྱུའི་ལས་ གཞི་བསྐྱངས་དང་སྐྱོང་བཞིན་པ་ནི་ རླབས་ཆེན་ཡིན་ལ། ལས་གཞི་འདི་བཞིན་མུ་མཐུད་རྒྱུན་ སྐྱོང་ཐུབ་སླད་འབད་བརྩོན་གནང་ དགོས་པའི་འབོད་བསྐུལ་ཡང་ཞུ་རྒྱུ ་ཡིན།
འདས་མ་ཐག་པའི་ཕྱི་ལོ་ ༢༠༢༠ དང་ ༢༠༢༡ ལོའི་ནང་ནད་ཡམས་དབང་གིས་སློབ་གྲྭ ་དངོས་སུ་ཚོགས་ཐུབ་མིན་གྱི་དཀའ་ ངལ་འཕྲད་རུང་། འཛིན་སྐྱོང་དང་དགེ་ལས་ཡོངས་ཀྱི ས་ཐབས་བརྒྱ་བྱུས་སྟོང་གིས་ཡུལ་ ཁྲིམས་དང་མཐུན་པའི་དྲ་ལམ་སོགས་ ཐབས་ལམ་སྣ་ཚོགས་བསྟེན་ནས་སློབ་ ཕྲུག་ཚོའི་སློབ་སྦྱོང་ལ་འཐུས་ཤོ ར་མེད་པར་ཧུར་ཐག་གནང་ཡོད་པ་དང་། ནད་ཡམས་ཅུང་ཞི་ནས་འདི་ལོར་སློབ་ གྲྭ་དངོས་སུ་ཚོགས་ཐུབ་པར་བརྟེན། སློབ་ཕྲུག་ཚོའི་སྦྱངས་འབྲས་སྤྱི ་དང་ལྷག་པར་རྒྱ་གར་རྒྱལ་ཡོངས་ཡི ག་རྒྱུགས་ཆེན་མོར་མཉམ་ཞུགས་མཁན་ འཛིན་གྲྭ་ ༡༠ པ་དང་ ༡༢ ཀྱི་སློབ་མ་རྣམས་ལ་གཟིགས་སྐྱོང་ དམིགས་བསལ་གནང་སྟེ། སྦྱངས་འབྲས་སྔར་ལྷག་ཐོབ་རྒྱུར་ སྐུལ་ལྕག་གནང་དགོས་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ ནང་ཕྲུ་གུ་སྐྱེད་སྲིང་བྱེད་མཁན་ ཉུང་དུ་འགྲོ་བཞིན་པ་དང་། དེའི་སྟབས་ཀྱིས་བུ་ཕྲུག་སློབ་ འཇུག་བྱེད་མཁན་ཡང་ཉུང་དུ་འགྲོ་ བཞིན་པ་དོན་དངོས་སུ་གྱུར་སྟབས་ སློབ་གྲྭའི་འཛིན་སྐྱོང་བྱ་ཕྱོ གས་དང་། སློབ་ཡོན་གྱི་སྡེ་ཁག་རྣམས་ཚགས་ ཚུད་ཡོང་བ་བཅས་ལ་ཐབས་ལམ་གང་ཡོད་ བསྟེན་གནང་དགོས་པའི་གཞེན་སྐུལ་ ཞུ་རྒྱུ་ཡིན།
དེང་གི་དུས་སུ་བོད་ཀྱི་སྐད་ཡིག་ ནི་བཀའ་བསྟན་འགྱུར་པོད་གསུམ་བརྒྱ ་ལྷག་ཆ་ཚང་བཞུགས་ཡོད་པའི་ལེགས་ སྦྱར་དང་དོ་མཉམ་པའི་ནང་ཆོས་ཀྱི་ སྲོག་ཤིང་ལྟ་བུ་འཛམ་གླིང་འདིའི་ ནང་གི་སྐད་ཡིག་གཅིག་པུ་དེ་ཆགས་ ཡོད། འོན་ཀྱང་རྒྱ་གཞུང་གིས་བོད་མི་རི གས་རིག་གཞུང་དང་བཅས་པ་རྩ་མེད་ བཟོ་རྒྱུའི་མཁྲེགས་འཛིན་གྱི་སྲི ད་བྱུས་ལག་བསྟར་བྱེད་བཞིན་པར་ བརྟེན། བོད་ནང་གི་རང་རིགས་སློབ་ཕྲུག་ དང་དོན་གཉེར་ཅན་མང་པོས་སློབ་གྲྭ འི་གུང་གསེང་དང་སྟབས་བསྟུན་ནས་ བོད་ཀྱི་སྐད་ཡིག་ཟུར་ཁྲིད་བྱས་ དང་བྱེད་བཞིན་པ་རྣམས་རྒྱ་གཞུང་ གིས་ཁྲིམས་འགལ་ཡིན་པའི་བསྙོན་ འཛུགས་བྱས་ཏེ་སྒོ་བརྒྱབས་པ་སོ གས་དམ་དྲག་བྱེད་ཤུགས་ཆེ་རུ་གཏོ ང་བཞིན་ཡོད། དེར་བརྟེན་བཙན་བྱོལ་བོད་མི་རྣ མས་ཀྱིས་བོད་ཀྱི་སྐད་ཡིག་ཐད་སྣ ང་མེད་དུ་མི་ཤོར་བར་རང་དབང་ཆ་ ཚང་ཡོད་པའི་གོ་སྐབས་བཟང་པོ་དམ་ འཛིན་བྱས་ཏེ་རང་དོན་རང་གཅེས་ཀྱི ས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་ སྤེལ་གསུམ་ཐོག་ཤུགས་སྣོན་རྒྱག་ དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན།
དེང་གི་ཆར་བོད་ནང་དུ་ནད་ཡམས་ཀྱི ་དཀའ་ངལ་ཡོད་མོད། རྒྱ་ནམ་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པ་ཟེར་བ་ལམ་ལྷོངས་ཡོང་ཆེད་བོད་ མི་རྣམས་ཕར་འགྲོ་ཚུར་འོང་བྱེད་ མི་ཆོག་པ་སོགས་དམ་དྲག་ཤུགས་ཆེ་ བྱེད་བཞིན་པའི་གནས་སྟངས་འོག་ཞི ང་པ་རྣམས་ཀྱི་སྟོན་འབྲས་བསྡུ་ལེ ན་བྱ་རྒྱུ་སོགས་ཀྱི་ཐད་དཀའ་ངལ་ འཕྲད་བཞིན་པ་ཙམ་དུ་མ་ཟད། ས་གནས་ས་ཐོག་ཀྱི་ཟུར་བཀག་བྱ་ཡུ ལ་གྱི་མཐུན་རྐྱེན་དང་སྨན་བཅོས་ སོགས་ཀྱི་ལས་དོན་ཚགས་ཚུད་མེད་ པར་བརྟེན་བོད་མི་འགའ་ཤས་རང་ཤི་ བརྒྱབས་པའི་གནས་ཚུལ་ཡང་ཐོན་ཡོད་ པ་དང་། དེ་བཞིན་དངོས་ཡོད་ཀྱི་གནས་སྟངས་ བཤད་མཁན་བོད་མི་རྣམས་འཛིན་བཟུང་ བཀག་ཉར་བྱེད་པ་སོགས་ནི་སེམས་ འཚབ་སྐྱེ་གཞི་ཞིག་ཏུ་གྱུར་ཡོད་ པས། བོད་ནང་ནད་ཡམས་སོགས་རང་བྱུང་གི་ གོད་ཆག་བྱུང་སྐབས་རྒྱ་གཞུང་གིས་ ཆབ་སྲིད་ཀྱི་དགོས་མཁོའི་ལག་ཆ་ལྟ ་བུ་གཏན་ནས་བྱེད་མི་རུང་བ་ནན་ བརྗོད་བྱ་རྒྱུ་ཡིན།
མཐའ་དོན་བོད་མིའི་བླ་ན་མེད་པའི་ དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུ གས་བཞེད་མཐའ་དག་ལྷུན་གྱིས་འགྲུ བ་ཅིང་བོད་དོན་བདེན་མཐའ་མྱུར་དུ ་གསལ་བ་དང་། བོད་ཕྲུག་ཁྱིམ་སྡེའི་ལས་དོན་རྣ མས་ཡར་རྒྱས་གོང་འཕེལ་ཡོང་བའི་སྨོ ན་འདུན་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ནས། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༣ ལ།།