རྗེས་དྲན་ཆེད་ཞལ་ཐང་གསར་བཞེངས།

༸རྒྱལ་བ་རིགས་ལྔའི་ཞལ་ཐང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའབུལ་ལམ་ཞུས་པའི་སྐབས།༸རྒྱལ་བ་རིགས་ལྔའི་ཞལ་ཐང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའབུལ་ལམ་ཞུས་པའི་སྐབས།

༄༅།  བཞུགས་སྒར་རྡ་རམ་ས་ལ་ཁུལ་གཏན་གཞི་བྱས་པའི་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་ནས་བོད་ཁ་བ་གངས་ཅན་པའི་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་ཕངས་མེད་དུ་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་སྐྱེ་རྟགས་ཆེད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་སྐྱབས་འཇུག་མཛད་པའི་༸རྒྱལ་བ་རིགས་ལྔའི་སྐུ་ཐང་བྱིན་ཅན་ཞིག་བོད་མིའི་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་དང།  རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་ཆབས་ཅིག་སྲུང་བརྩི་ཞུས་པའི་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དང།  དཔལ་ལྡན་བོད་མི་མང་སྤྱི་ལྷན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གིས་ཀྱིས་དབུ་འབྱེད་ཞལ་དབྱེ་མཛད་པ་དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འབུལ་ལམ་ཞུས་ཡོད་པ་རེད།  ཁོང་རྣམ་པའི་ལྷག་བསམ་དང།  གཏོང་ཕོད་ཆེན་པོར་བསྔགས་བརྗོད་ཞུ་རྒྱུ་དང།  ༸རྒྱལ་བ་རིགས་ལྔའི་ཞལ་ཐང་བཞེངས་བསྐྲུན་གྱི་དགེ་བའི་རྩ་བ་འདིས་བོད་བསྟན་སྲིད་སྤྱི་བྱེར་སྨན་པའི་སྨོན་འདུན་དང་བཅས།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༡ ལ།།

༸རྒྱལ་བ་རིགས་ལྔའི་ཞལ་ཐང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའབུལ་ལམ་ཞུས་པའི་སྐབས།༸རྒྱལ་བ་རིགས་ལྔའི་ཞལ་ཐང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའབུལ་ལམ་ཞུས་པའི་སྐབས།༸རྒྱལ་བ་རིགས་ལྔའི་ཞལ་ཐང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའབུལ་ལམ་ཞུས་པའི་སྐབས།༸རྒྱལ་བ་རིགས་ལྔའི་ཞལ་ཐང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའབུལ་ལམ་ཞུས་པའི་སྐབས།

༸རྒྱལ་བ་རིགས་ལྔའི་ཞལ་ཐང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའབུལ་ལམ་ཞུས་པའི་སྐབས།༸རྒྱལ་བ་རིགས་ལྔའི་ཞལ་ཐང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའབུལ་ལམ་ཞུས་པའི་སྐབས།

 

Menu