༄༅། ། བོད་ནང་བཙན་དབང་ཐོག་ངལ་རྩོལ་བྱེ ད་བཅུག་གི་ཡོད་པའི་སྙན་ཐོ་ཐོན་ རྗེས་རྒྱལ་སྤྱིའི་གྲོས་ཚོགས་འཐུ ས་མིའི་མཉམ་འབྲེལ་ཚོགས་པ་ (Inter-Parliamentary Alliance on China (IPAC) ) ཞེས་པའི་གྲོས་ཚོགས་འཐུས་མི་གྲ ངས་ ༦༣ གྱིས་ཐུན་མོང་ཐོག་རྒྱ་ནག་གཞུང་ ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ སྤེལ་བར། དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེ ས་ཕུན་ཚོགས་མཆོག་གིས་ཐུགས་རྗེ་ ཆེ་ཞུས་གནང་ཡོད་འདུག
ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་ནང་ འཁོད་དོན། རྒྱ་ནག་གཞུང་གིས་བོད་ནང་བཙན་ དབང་ཐོག་ངལ་རྩོལ་སྦྱོང་བརྡར་དང་ ། ངལ་རྩོལ་བ་གནས་སྤོ་བྱེད་བཅུག་གི ་ཡོད་པ་སོགས་བོད་མི་ཚོར་གདུག་སྦྱོ ང་ཚད་མེད་བཏང་དང་གཏོང་བཞིན་ཡོད་ པའི་ཐོག་ཁྱེད་རྣམས་ནས་ཐུན་མོང་ ཐོག་ངོ་རྒོལ་སྐྱོན་བརྗོད་གནང་ བར། ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
རྒྱ་དམར་གཞུང་གིས་བོད་ནང་བཙན་ཤེ ད་ཐོག་ཞིང་འབྲོག་བོད་མི་སྟོང་ཕྲ ག་མང་པོ་དམག་དོན་སྦྱོང་བརྡར་ལྟེ ་གནས་སུ་ཟླ་བ་བདུན་རིང་བཀག་ཉར་ བྱེད་ཀྱི་ཡོད་པ་དེ། ངལ་རྩོལ་བསྒྱུར་འགོད་ར་བ་དང་གཅི ག་མཚུངས་ཡིན་པ་དང་། དེ་བཞིན་བོད་མི་ངལ་རྩོལ་བ་རྣམས་ བོད་ཀྱི་ས་གནས་ནང་ཁུལ་དང་། རྒྱ་ནག་གི་ས་གནས་གཞན་ཁག་ལ་གནས་ སྤོ་གཏང་རྒྱུར་བགོ་འགྲེམས་བྱེད་ ཀྱི་ཡོད་པས། ཞིང་འབྲོག་མང་ཚོགས་ཚོར་འདོད་པ་ མེད་བཞིན་དུ་སོ་སོའི་འཚོ་ཐབས་ལ་ བཙན་ཤེད་ཐོག་ནས་བསྒྱུར་བ་གཏོང་ བཅུག་གི་ཡོད།
བོད་ནང་བཙན་དབང་ཐོག་ངལ་རྩོལ་བྱེ ད་བཅུག་གི་ཡོད་པའི་སྙན་ཐོ་ཐོན་ པར། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི འི་མཉམ་འབྲེལ་ཚོགས་པའི་གྲོས་ཚོ གས་འཐུས་མི་ ༦༣ གྱིས་ཐུན་མོང་ཐོག་རྒྱ་ནག་གཞུང་ ལ་ངོ་རྒོལ་སྐྱོན་བརྗོད་ཀྱི་བསྒྲ གས་གཏམ་ཞིག་སྤེལ་ཡོད།
ཐུན་མོང་བསྒྲགས་གཏམ་ནང་། གདུག་རྩུབ་ཀྱི་བྱ་སྤྱོད་དེ་དག་ ལ་ང་ཚོ་ཚང་མས་ཐུན་མོང་ཐོག་མཐའ་ གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་དང་། རྒྱ་ནག་གཞུང་ནས་གདུག་རྩུབ་ཅན་གྱི ་བྱ་སྤྱོད་དེ་དག་འཕྲལ་མར་མཚམས་ འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ ་ཡིན་ཞེས་དང་།
གཞན་ཡང་གྲོས་ཚོགས་འཐུས་མི་རྣམ་ པས་སོ་སོའི་རྒྱལ་ཁབ་ཀྱི་གཞུང་ལ་ རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུ བ་ཅན་གྱི་བྱ་སྤྱོད་སྤེལ་བཞིན་པ་ དེར་ངོ་རྒོལ་གནང་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ མུ་མཐུད་གཏང་རྒྱུར་བཀག་འགོག་བྱེ ད་དགོས་པ་བཅས་ཀྱི་འབོད་སྐུལ་ཞུ ས་གནང་ཡོད།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི འི་མཉམ་འབྲེལ་ཚོགས་པ་དེ་འཛམ་གླི ང་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོ གས་འཐུས་མི་ལས་གྲུབ་པའི་ཚོགས་པ་ ཞིག་ཡིན་ཞིང་། ཚོགས་པ་དེ་རྒྱ་ནག་གིས་འཛམ་གླིང་ ནང་རྒྱལ་སྤྱིའི་ཚོང་འབྲེལ་དང་། བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་བཅས་ལ་ཉེན་ ཁ་བཟོས་དང་བཟོ་བཞིན་པར་ཁ་གཏད་ གཅོག་ཆེད་བཙུགས་པ་ཞིག་ཡིན།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི འི་མཉམ་འབྲེལ་ཚོགས་པ་བཙུགས་པ་དེ ས་ང་ཚོར་རེ་བ་ཆེན་པོ་སྦྱིན་ཡོད་ པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་ཁྲིམས་ འགལ་ཐོག་བོད་ས་ཡོངས་རྫོགས་བཙན་ བཟུང་བྱས་པ་ནས་བཟུང་བོད་ནང་གི་ གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོ ག་རོལ་བཏང་དང་གཏོང་བཞིན་པར་འགྱུ ར་ལྡོག་གཏང་ཐུབ་རྒྱུར་ང་ཚོས་ཡི ད་ཆེས་བྱེད་ཀྱི་ཡོད།
གྲོས་ཚོགས་འཐུས་མི་རྣམ་པས་བོད་ དོན་ཐོག་དྲང་པོ་ཡོང་རྒྱུར་འགྱུ ར་བ་མེད་པའི་རྒྱབ་སྐྱོར་གནང་བ་ དེས། སྤྱིར་རྒྱལ་སྤྱིའི་ནང་དང་། ཡང་སྒོས་བོད་ནང་རྒྱ་དམར་འོག་གདུ ག་སྦྱོང་མནར་གཅོད་མྱོང་མཁན་གྱི་ བོད་མི་རྣམས་ལ་བཟང་ཕྱོགས་ཀྱི་ བརྡ་ལན་ཞིག་སྤྲད་ཡོད།
ངའི་བསམ་པར་བོད་ནང་བཙན་དབང་ཐོག་ ངལ་རྩོལ་བྱེད་བཅུག་གི་ཡོད་པའི་ དཔང་རྟགས་གསལ་པོ་ཐོན་སྟབས། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ ངོས་ནས་རྒྱ་ནག་གཞུང་གིས་བོད་དང་ ། ཤར་ཏུར་ཀི་སི་ཐན། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོ ང་བཞིན་པའི་སྐོར་ལ་དམིགས་བསལ་གྱི ་འདྲི་ཞིབ་ཚོགས་ཆུང་ཞིག་འཛུགས་ དགོས་པའི་དུས་ལ་བབས་འདུག
ངས་སླར་ཡང་གྲོས་ཚོགས་འཐུས་མི་རྣ མ་པར་ཐུགས་རྗེ་ཆེ་ཞུས་དང་འབྲེལ་ མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེ ས་འཁོད་གནང་འདུག་པ་བཅས། །
ཐུན་མོང་བསྒྲགས་གཏམ་ཐོག་མཚན་རྟ གས་འགོད་མཁན་གྲོས་ཚོགས་འཐུས་མི་ ༦༣ ཡོད་པ་རྣམས་ནི།
George Christensen MP (Australia), Andrew Hastie MP (Australia), Sen. Kimberley Kitching (Australia), James Bezan MP (Canada), Hon. Irwin Cotler (Canada), Garnett Genuis MP (Canada), Sen. Thanh Hai Ngo (Canada), Pavel Fischer MP (Czechia), Jan Lipavský MP (Czechia), Uffe Elbæk MP (Denmark), Isabelle Florennes MP (France), Sen. André Gattolin (France), Margarete Bause MdB (Germany), Michael Brand MdB (Germany), Enrico Borghi MP (Italy), Andrea Delmastro Delle Vedove MP (Italy), Paolo Formentini MP (Italy), Roberto Giachetti MP (Italy), Sen. Lucio Malan (Italy), Sen. Roberto Rampi (Italy), François-Xavier Bellamy MEP (EU), Engin Eroglu MEP (EU), Sandro Gozi MEP (EU), Karin Karlsbro MEP (EU), David Lega MEP (EU), Miriam Lexmann MEP (EU), Rep. Gen Nakatani (Japan), Sen. Hiroshi Yamada (Japan), Rep. Shiori Yamao (Japan), Mantas Adomėnas MP (Lithuania), Dovilė Šakalienė MP (Lithuania), Martijn van Helvert MP (Netherlands), Henk Krol MP (Netherlands), Louisa Wall MP (New Zealand), Joar Forssell, MP (Sweden), Hampus Hagman, MP (Sweden), David Josefsson, MP (Sweden), Elisabet Lann (Sweden), Fredrik Malm MP (Sweden), Maria Nilsson, MP (Sweden), Fabian Molina MP (Switzerland), Nicolas Walder MP (Switzerland), Lord David Alton MP (UK), Steve Baker MP (UK), Chris Bryant MP (UK), Alistair Carmichael MP (UK), Rosie Cooper MP (UK), Judith Cummins MP (UK), David Davis MP (UK), Iain Duncan Smith MP (UK), Damian Green MP (UK), Baroness Helena Kennedy (UK), Imran Ahmad Khan MP (UK), Tim Loughton MP (UK), Anthony Mangnall MP (UK), Baroness Catherine Meyer (UK), Craig Mackinlay MP (UK), Andrew Selous MP (UK), Alyn Smith MP (UK), Henry Smith MP (UK), Sen. Bob Menendez (USA), Sen. Marco Rubio (USA) and Rep. Ted Yoho (USA).