རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་སྐུ་ལུས་མེར་བསྲེགས་གནང་བའི་དྲ་པར།རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་སྐུ་ལུས་མེར་བསྲེགས་གནང་བའི་དྲ་པར།ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་༦ ཉིན་ཨ་མདོ་ཀན་ལྷོ་གཙོས་གྲོང་ཁྱེར་དང་མི་རིང་བའི་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ། བོད་ནང་གི་ཆུ་ཚོད་༡༢ ཡོལ་ཙམ་ལ་རང་ལོ་༢༧ ཡིན་པའི་རྒྱལ་གཅེས་དཔའ་བོ་ན་གཞོན་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྟེ། སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
ཁོང་གིས་སྐུ་ལུས་མེར་བསྲེགས་གཏོང་སྐབས་༸སྐྱབས་མགོན༸་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་པ་དང་། བོད་ལ་སྐད་ཡིག་དང་ཆོས་དད་རང་དབང་དགོས་པ་སོགས་ཀྱི་སྐད་འབོད་གནང་འདུག སྐབས་དེར་དགོན་པའི་གྲྭ་མང་གིས་ཁོང་གི་སྐུ་ཕུང་དགོན་པའི་ནང་གདན་འདྲེན་བྱས་ཏེ། བསྔོ་སྨོན་རྒྱ་ཆེར་གནང་བ་དང་། དེའི་རྗེས་དགོན་པ་ནས་སྐྱ་སེར་མི་མང་གིས་ཁོང་གི་སྐུ་ཕུང་དགོན་པ་དང་སྤྱི་ལེ་གཅིག་ཙམ་ཡོད་པའི་སྡེ་བར་གདན་དྲངས་ཏེ་མཆོད་འབུལ་བྱས་ཡོད་འདུག
གྲོང་སྡེ་གཡས་གཡོན་གྱི་རྒྱ་ཆེའི་མི་མང་དང་། ས་གནས་གཞན་ནས་གོ་ཐོས་བྱུང་བའི་རྒྱ་ཆེའི་མང་ཚོགས་གང་མང་བློ་འཚབ་དང་བཅས་གུས་བརྩིའི་མཇལ་དར་སྒྲོན་ཆེད། ས་གནས་དེར་འཛོམས་ཏེ་མཇལ་དར་ཕུལ་བ་དང། རྡོ་དཀར་ཚོ་བ་གསུམ་གྱིས་ཡུལ་མི་མང་བོ་ཁོང་ཚང་ལ་འདུས་ཏེ། རྒྱལ་གཅེས་དཔའ་བོ་ཁོང་གི་མཛད་རྣམ་ལ་གུས་བཀུར་དང་། རྗེས་ཕྱོགས་ཀྱི་གནས་ཚུལ་གང་ཐད་ནས་ཁོང་ཚོས་འགན་ཁུར་ཏེ་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུ་ཡིན་ཞེས་ནང་མིར་བརྗོད་ཡོད་འདུག
རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཁྱིམ་ཚང།རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཁྱིམ་ཚང།
རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཁྱིམ་ཚང།རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཁྱིམ་ཚང།རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་གྲོང་སྡེ།རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་གྲོང་སྡེ།
གཙོས་གྲོང་ཁྱེར་གྱི་རྒྱ་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་སྤྱི་བདེ་མི་སྣ། དེ་བཞིན་སྣ་བུག་ཡུལ་ཚོའི་ལས་བྱེད་བཅས་ཀྱིས། རྡོ་དཀར་དགོན་པའི་གྲྭ་མང་བསྐོང་འགུགས་ཀྱིས། ཐོག་མར་ཤེས་རྟོགས་བྱུང་མཁན་སུ་ཡིན་འདྲི་བརྩད་དང་། གཙོ་བོ་དཔར་དང་གནས་ཚུལ་བྱུང་རིམ་ཁག་རྒྱལ་སྤྱིའི་ཐོག་ལ་ཁྱབ་བསྒྲགས་མི་བྱེད་རྒྱུ་གལ་ཆེན་ཡིན་སྐོར་སོགས་ཀྱི་ཐ་ཚིག་བསྒྲགས་པར་མ་ཟད། བོད་ནང་གི་དགོང་མོའི་དུས་ཚོད་༨ པའི་སྟེང་ད་དུང་སོ་སོའི་རང་ཤག་ཏུ་བཏང་མི་འདུག
ཟླ་༡༠ བའི་ཚེས་༧ ཉིན། འབྲེལ་ཡོད་སྲིད་གཞུང་གི་མི་སྣ་ཚོས་དགོན་པའི་གྲྭ་མང་ལ་འཇིགས་སྐུལ་དོགས་འདྲི་སྣ་ཚོགས་བྱས་མཐར། དགེ་འདུན་པ་ཁ་ཤས་ལ་འདས་པོའི་སྐུ་ཕུང་བདག་གཉེར་བྱེད་མཁན་དང་། པར་རྒྱག་མཁན། ཐོག་དང་བོར་ཁ་པར་བཏང་སྟེ། ནང་མིར་འདས་བོའི་གནས་ཚུལ་བཤད་མཁན་རེད་ཟེར་ནས་ཉེས་འཛུགས་བྱས་ཏེ་དགེ་འདུན་པ་ཁ་ཤས་འཛིན་བཟུང་བྱེད་རྩིས་བྱས་ཀྱང་། དགོན་པ་དང་ཚོ་བའི་མི་སྣ་ཚོས། སྲིད་གཞུང་ལ་བཙན་ཁྲིད་བྱེད་དུ་མ་བཅུག་པར་བར་སྐབས་དགོན་པའི་དོ་དམ་ཁང་དུ་བཀག་ཉར་བྱས་ཡོད་འདུག རྡོ་དཀར་ཚོ་བ་གསུམ་གྱིས་མི་མང་གིས་མེ་བསྲེགས་ཀྱི་ངོ་རྒོལ་དང་དགོན་པའི་བར་དུ་འབྲེལ་བ་མེད་པས་དགོན་པའི་གྲྭ་བ་གཅིག་ཀྱང་འཛིན་བཟུང་བྱ་མི་ཆོག གལ་སྲིད་འཛིན་བཟུང་བྱས་ཚེ་ང་ཚོར་ཉེས་མེད་ཉེས་འཛུགས་བྱས་པ་ཡིན་པས། ང་ཚོ་ཡང་མཐའ་གཅིག་ཏུ་ཁོང་ཚོའི་རྒྱབ་རྩར་ལངས་རྒྱུ་ཡིན་ཞེས་རྒྱ་གཞུང་གི་མི་སྣར་བརྡ་སྤྲད་འདུག རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་བ་ནས་ཉིན་རེ་བཞིན་ས་ཕྱོགས་གཞན་དང་གཞན་ནས་སྐུ་གཤེགས་དཔའ་བོ་ཁོང་ཚང་ལ་འདས་མཆོད་ཀྱི་མཆོད་མེ་འཁྱེར་ཡོང་མཁན་ཧ་ཅང་མང་བོ་འབྱོར་དང་འབྱོར་བཞིན་ཡོད་པ་དང་། ཁོང་ཚོས་ཤུལ་ལུས་ནང་མིར་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཤུགས་ཆེན་བྱེད་བཞིན་ཡོད་པས། འབྲེལ་ཡོད་ས་གནས་སྲིད་གཞུང་གི་མི་སྣ་དང་སྤྱི་བདེ་ཅུས་ཟེར་བས་འདས་བོའི་ནང་མི་ཚོར་མྱུར་དུ་སྐུ་ཕུང་ཞུགས་འབུལ་བྱ་དགོས་པར་མ་ཟད། ད་ཕྱིན་ཆད་ཕྱོགས་མཐའ་ཁག་ནས་འདས་མཆོད་དུ་ཕེབས་མཁན་ཚོར་སྣེ་ལེན་བྱ་མི་ཆོག་ཟེར་ནས་བཙན་བཀའ་དྲག་པོ་བཏང་འདུག ད་ལྟའི་ཆར་དགོན་པ་དང་སྲིད་གཞུང་གི་བར་འདི་ལྟར་ཛ་དྲག་གི་གནས་ཚུལ་ཅི་འབྱུང་ཆ་མི་འཚལ་བའི་གནས་སུ་ལྷུང་འདུག
རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས།རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས།རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་བཟའ་ཟླ་རྡོ་རྗེ་སྐྱིད།རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་བཟའ་ཟླ་རྡོ་རྗེ་སྐྱིད།
རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ནི། རྫེ་རོ་སྡེ་བའི་ཕ་མགོན་པོ་དོན་འགྲུབ་དང་མ་མགོན་པོ་འཚོ་གཉིས་ཀྱི་བུ་ཡིན་ཞིང་། བཟའ་ཟླའི་མིང་ལ་རྡོ་རྗེ་སྐྱིད་དང་ཁོང་གཉིས་ལ་བྱིས་པ་བུ་བུ་མོ་གཉིས་ཡོད་པ་ལས། ཆེ་བ་བུའི་མིང་ལ་རྡོ་རྗེ་དོན་འགྲུབ་དང་ད་ལོ་རང་ལོ་བདུན་དང་། ཆུང་བ་བུ་མོའི་མིང་ལ་ཏིང་འཛིན་འཚོ་ཟེར་ཞིང་ད་ལོ་རང་ལོ་ལྔ་ཡིན་འདུག
རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་བྱིས་པ་བུ་བུ་མོ་གཉིས།རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་བྱིས་པ་བུ་བུ་མོ་གཉིས།
ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ་ཡང་། རྡོ་དཀར་སེར་སྐྱ་མང་ཚོགས་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། སྔ་གཞུག་ཏུ་དམག་མི་དང་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་འབོར་ཆེན་ཡོང་ནས་སྡེ་བ་སོ་སོར་བཙན་འཛུལ་གྱིས་སྒོ་དང་སྒེའུ་ཁུང་སོགས་བཅག་སྟེ། སྦག་སྦག་བརྒྱད་ཅུ་ལྷག་བཙན་འཕྲོག་དང་། གཞན་རྒྱུ་དངོས་རྩ་ཆེན་མང་བོ་བཅོམ་འཕྲོག་བྱས་ཡོད་པར་མ་ཟད། མི་སྐྱ་བདུན་ཅུ་ལྷག་འཛིན་བཟུང་གིས་གཅར་རྡུང་ཚད་མེད་བཏང་མཐར། རྒྱ་སྒོར་སུམ་སྟོང་རེའི་ཉེས་ཆད་བཅད་ནས་གློད་གྲོལ་བཏང་ཡོད་འདུག དུས་དེ་ནས་བཟུང་ད་ལྟའི་བར་དུས་ཚོད་ངེས་མེད་ལ་ལས་དོན་རུ་ཁག་དགོན་པའི་ནང་དུ་ཡོང་ནས་རྒྱལ་གཅེས་སློབ་གསོ་ཟེར་བ་སྤེལ་མུས་དང་། ལོ་འདིའི་ཁོང་ཚོའི་འབོད་སྒྲ་གཙོ་བོ་ནི། ཕྱི་ལོ་༢༠༠༧ ལོར་ཡུལ་དེར་ས་གནས་རྒྱའི་དཔོན་རིགས་ཁག་ཅིག་སླེབས་ཏེ། ༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་མོས་མཐུན་ཡོད་མེད་ཀྱི་བསམ་ཚུལ་མིང་རྟགས་ལེན་སྐབས། བོད་རིགས་རྒྱ་ཆེའི་མང་ཚོགས་ཐུན་མོང་གིས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུར་མོས་མཐུན་ཡོད་པའི་མིང་རྟགས་བཀོད་ཡོད་ཀྱང་། ས་གནས་རྒྱའི་ལས་བྱེད་རྣམས་ཀྱིས་ལོག་བསྒྲུབས་བྱས་ཏེ། རྡོ་དཀར་མི་དམངས་ཀྱིས་༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་འདོད་མོས་མི་འདུག་ཅེས་གོང་རིམ་ལ་རྫུན་སྙན་ཕུལ་བ་དེ་དྲང་བདེན་མ་ཡིན་པ་དང་། མི་དམངས་ཀྱི་བསམ་འདུན་དང་རྒྱབ་འགལ་ཡིན་པའི་འབོད་སྒྲ་བསྒྲགས་ཡོད་འདུག
རྡོ་དཀར་དགོན་མཆོད་རྟེན་ཤར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་།རྡོ་དཀར་དགོན་མཆོད་རྟེན་ཤར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་།རྡོ་དཀར་དགོན་མཆོད་རྟེན་ཤར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་།རྡོ་དཀར་དགོན་མཆོད་རྟེན་ཤར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་།
རྡོ་དཀར་དགོན་མཆོད་རྟེན་ཤར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་ནི། འབུལ་སྡུད་པ་བོད་པ་ཆོས་རྗེས་ཕྱག་བཏབ་ཅིང་། སྔོན་ཆད་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཆོད་གཞིས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་༸སྐྱབས་མཆོག་འཇིགས་མེད་དབང་བོའི་སྐུ་རིང་ནས་བླ་བྲང་བཀྲ་ཤིས་འཁྱིལ་བའི་ལྷ་སྡེའི་ནང་མར་གྱུར་ཅིང་། དུས་འགྱུར་ཡར་སྔོན་བར་རྡོ་དཀར་དགོན་པའི་གྲྭ་བ་རྣམས་བཀྲ་ཤིས་འཁྱིལ་གྱི་རིགས་གྲྭ་དང་སྨོན་ལམ་སོགས་ལ་ཕེབས་སྲོལ་ཡོད། ད་ལྟ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་སྣ་བུག་ཡུལ་ཚོ་རྡོ་དཀར་རུ་ཆེན་ཞེས་རྒྱ་གཞུང་གིས་བཅད་བགོས་བྱས་ཡོད་ལ། ཉིན་པ་སྡེ་བདུན་དང་སྲིབ་པ་སྡེ་བདུན་བཅས་རྡོ་དཀར་ཉིན་སྲིབ་གཉིས་ཀར་སྡེ་བ་བཅུ་བཞི་ཡོད།
དེ་ལྟར་ན་ཕྱི་ལོ་ ༢༠༠༩ ལོ་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༦ བར་བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་ ༥༤ བྱུང་བ་དང་དེའི་ནང་ནས་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ནི་འདས་གྲོངས་སུ་གྱུར་བ་ ༤༤ དེ་ཆགས་ཡོད།
རྒྱ་གཞུང་གིས་དཔལ་འབྱོར་འབོར་ཆེན་བཏང་སྟེ། བརྒྱུད་ལམ་ཁག་ཏུ་བོད་ནང་བདེ་སྐྱིད་དང་ལྡན་པའི་དྲིལ་བསྒྲགས་སྣ་ཚོགས་རྒྱལ་ཕྱི་ནང་དུ་འཁྲབ་སྟོན་བྱེད་བཞིན་ཡོད་ནའང། བོད་ཀྱི་ས་ཁུལ་གང་སར་བོད་རིགས་སེར་སྐྱ་ཕོ་མོ་མང་པོས་གཅིག་འཇུག་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་བྱས་དང་བྱེད་བཞིན་དེ་དག་གིས། རྒྱལ་སྤྱིའི་སྟེང་རྒྱ་གཞུང་གི་བཙན་གནོན་འོག་ད་ལྟའི་ཆར་བོད་ཀྱི་སྣོད་བཅུད་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་གསལ་འབྱེད་བྱེད་ཀྱི་ཡོད།
ཆེས་ཡ་ང་བ་དང་སྐྱི་གཡའ་བའི་ཐབས་སྡུག་གི་གནས་ཚུལ་དེ་དག་བྱུང་རིམ་བཞིན་ཤ་ཁྲག་གཅིག་པའི་གཞིས་བྱེས་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་བཏང་དང་གཏོང་བཞིན་ཡོད་ལ། དེ་དག་གི་རྒྱུ་རྐྱེན་ནི། རྒྱ་གཞུང་གི་ནོར་འཁྲུལ་མཁྲེགས་འཛིན་གྱི་སྲིད་བྱུས་དེ་རང་ཡིན་པས། མི་རིགས་དབྱེ་འབྱེད་ཀྱི་གཉའ་གནོན་སྲིད་བྱུས་དེའི་རིགས་མཚམས་འཇོག་མ་བྱས་ན། ད་དུང་གནས་ཚུལ་དེ་ལས་ཇེ་སྡུག་ཏུ་འགྱུར་ངེས་པས་དེའི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་པ་དང་། རྒྱ་གཞུང་གིས་ཇི་སྐད་བཤད་པ་ལྟར་གནས་ཚུལ་དེ་དག་བདེན་པ་ཡིན་ན། རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་ཁག་གི་སྐུ་ཚབ་དང་། རྒྱལ་ཁབ་ཁག་གི་རྟོག་ཞིབ་པ་དང། གསར་འགོད་པ་བཀག་སྡོམ་མེད་པར་ཤར་གཏོང་གིས་ཞིབ་འཇུག་བྱེད་མི་འཇུག་པའི་རྒྱུ་མཚན་གང་ཡིན། རྒྱ་གཞུང་གི་དབུས་དང་ས་གནས་ཀྱི་འགན་ཡོད་འགོ་ཁྲིད་ཚོས་ཤེས་བཞིན་རྫུན་སྨྲ་བ་ཙམ་ལ་སྐྱབས་སུ་མི་འགྲོ་བར་དངོས་ཐོག་བདེན་ཚོལ་གྱི་ལྟ་བ་གཞིར་བཞག་གིས་ཛ་དྲག་གི་གནས་ཚུལ་འདི་ཚོའི་རྒྱབ་ལྗོངས་ལ་རྟོག་ཞིབ་དང་། ཕྱོགས་ལྷུང་གི་སྲིད་བྱུས་བཅོས་བསྒྱུར་ཡོ་བསྲང་གིས་ཐབས་སྡུག་གི་གནས་ཚུལ་དེའི་རིགས་མི་ཡོང་རྒྱུར་འགན་འཁྱེར་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡིན། དེ་བཞིན་རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་དང་། རྒྱལ་ཁབ་ཁག་གིས་ཀྱང་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་། དྲང་བདེན་ལ་རྒྱབ་སྐྱོར་གྱིས་བོད་ནང་གི་ཛ་དྲག་གི་གནས་ཚུལ་ལ་མངོན་གསལ་དོད་པོས་ངོས་འཛིན་དང་རྒྱབ་སྐྱོར་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང། ཕ་མ་བུ་ཕྲུག་དང་བཟའ་ཟླ་ནང་མི། ལུས་སྲོག་ལོངས་སྤྱོད་ཡོངས་རྗོགས་བློས་གཏོང་གིས་རྒྱལ་སྤྱིའི་ཐོག་རེ་བའི་མིག་འབུར་གཏོད་པའི་ངོ་རྒོལ་གྱི་ལས་འགུལ་འདི་དག་ལ་བསམ་ཞིབ་ཐོག་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་གནང་རྒྱུར་རེ་སྐུལ་ནན་མོ་བྱེད་རྒྱུ་ཡིན།
ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༨ ཉིན།།