རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ལགས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གཤེགས་པར་བོད་མི་མང་སྤྱི་ལྷན་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་བློ་འཚབ་དང་། བོད་མི་རྣམས་ཀྱིས་སླད་ཕྱིན་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་གསར་འགོད་བསྒྲགས་གཏམ།

 

ཕྱི་ལོ་༢༠༡༢  ཕྱི་ཟླ༡༡ ཚེས་ ༤  ཉིན།  བོད་ནང་གི་སྔ་དྲོ་ཆུ་ཚོད་ ༡༠ ། ༣༠ སྟེང་། མདོ་སྨད་རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་བ་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱིས།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་རོང་བོ་རྒྱལ་ཐང་གི་གྲོང་ཁྱེར་ལ་ལམ་ཆེན་འགག་མདོ་ཁ་ཤས་ཡོད་པ་ལས།  ནུབ་ཁུལ་བྱ་ཁྱུང་ལམ་ཁུལ་གྱི་སུམ་མདོར།   རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ། རེབ་གོང་རོང་བོའི་ས་དཀྱིལ་འགྲོན་ཁང་གི་སྲང་ལམ་ནས་མེ་སྦར་ཏེ་སྐད་ཤུགས་ཆེན་པོས་ཀི་སྒྲ་དང་བཅས་”བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། ད་ངའི་རེ་བ་འགྲུབ་སོང་།” ཞེས་སྐད་འབོད་བྱེད་བཞིན་རོང་བོ་གྲྭ་ཚང་སྡེབ་ཚོང་ཁང་གི་སྒོ་འགྲམ་བརྒྱུད་ཁ་པར་ཀུང་ཟི་དང་པོ་ཡོད་སའི་(china mobile) བར་དུ་གོམ་བགྲོད་བྱས་ཤིང་།  སྐར་མ་གསུམ་ཙམ་གྱི་རྗེས་སུ་ས་ལ་འགྱེལ་བ་དང་།   དེ་གར་རྒྱ་མི་དང་ཁ་ཆེ། བོད་པ་མང་པོས་དབྱར་རྩྭ་དགུན་འབུ་ཚོང་ལས་ཉོ་སྒྲུབ་བྱེད་སར་ཁེལ་ཡོད་ནའང་།  མི་མང་པོས་མེ་མ་བསད་པར་ཡུན་ཙམ་བཞག་ནས་ཉལ་ཆས་ཤིག་གི་ནང་བཏུམས་ཏེ། སྐུ་ཕུང་རྒྱ་གཞུང་གི་ལག་ཏུ་ཤོར་མ་བཅུག་པར་དུས་ཡུན་ཐུང་ངུའི་ནང་།  རེབ་གོང་རོང་པོ་དགོན་ཆེན་གྱིས་གཙོས་དགོན་པ་ཁག་གི་དགེ་འདུན་པ་རྣམས་དང་། ཐག་ཉེ་རིང་གི་མང་ཚོགས་མང་པོ་ག་ས་གང་ནས་མཉམ་འཛོམས་བྱུང་སྟེ།  སྐུ་ཕུང་རོང་བོ་བདེ་ཆེན་ཆོས་འཁོེར་གླིང་གི་སྒྲོལ་མ་ཐང་ཆེན་དུ་གདན་ཞུས་ཀྱིས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་སྐུ་དྲུང་དུ།  རྒྱལ་བ་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཤམས་པའི་མདུན་ལ་གདན་ཞུས་ཀྱིས་ཚང་མས་གུས་བརྩིའི་ཁ་བཏགས་འཐེན་པ་དང་།  སྨོན་ལམ་གསུང་འདོན་གནང་ཞིང་། རྒྱུན་རིང་བསྡད་ན་རྒྱ་གཞུང་ཉེན་རྟོག་པ་ཡོང་ཉེན་ཆེ་བས།  རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་བརྒྱུད་དེ། རྒྱ་ཆེའི་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོས་ཁོང་གི་སྐུ་ཕུང་རེབ་གོང་རོང་པོ་དགོན་པའི་རྒྱབ་རིའི་མདུན་པང་གི་གདོང་རྒྱལ་ལ་ཁ་ཟེར་བ་དེར་གདན་ཞུས་སྐབས། ཁོང་གི་སྡེ་བ་གཅིག་པ་དང་ཨ་ཕ་སོགས་དེ་གར་དངོས་སུ་ཡོང་བས།  གཞི་ནས་དཔའ་བོ་ཁོང་གྲོང་སྡེ་གང་གི་ཡིན་པ་སོགས་ཀྱི་ངོ་འཕྲོད་བྱུང་སྟེ། བོད་ནང་གི་ཆུ་ཚོད་ ༢ །༣༠ སྟེང་དགེ་འདུན་པའི་སྨོན་ལམ་ཆོ་ག་གསུང་འདོན་དང་།   མང་ཚོགས་ཀྱིས་མ་ཎི་འདོན་དབྱངས་དང་ཀི་བསྭོ་ལྷ་རྒྱལ་སོགས་ཀྱི་སྐད་འབོད་ལྡིར་བའི་ཁྲོད་ནས་སྐུ་ཕུང་སྦྱིན་བསྲེགས་གནང་འདུག སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་དུ་མི་མང་སྟོང་ཕྲག་མང་པོ་འཛོམས་ནས་དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་དང་ནང་མིར་གདུང་སེམས་མཉམ་སྐྱེད་ཞུས་ཡོད་འདུག

དཔའ་བོ་རྡོ་རྗེ་ལྷུན་གྲུབ་ཀྱི་མེར་བསྲེགས་རྗེས་ཀྱི་རྣམ་པདཔའ་བོ་རྡོ་རྗེ་ལྷུན་གྲུབ་ཀྱི་མེར་བསྲེགས་རྗེས་ཀྱི་རྣམ་པདཔའ་བོ་རྡོ་རྗེ་ལྷུན་གྲུབ་ཀྱི་མེར་བསྲེགས་རྗེས་ཀྱི་རྣམ་པདཔའ་བོ་རྡོ་རྗེ་ལྷུན་གྲུབ་ཀྱི་མེར་བསྲེགས་རྗེས་ཀྱི་རྣམ་པ

སྐུ་ཕུང་སྦྱིན་བསྲེགས་བྱེད་སྐབས་ཨ་ཕས་ངས་སྐད་ཆ་བཤད་ཐུབ་ཀྱི་མི་འདུག་ཀྱང་། “ངའི་བུ་འདི་ལྟར་གཞན་དོན་དུ་ཤི་སོང་བ་ཡིན་པས་སྡུག་བསྔལ་བྱེད་ཀྱི་མེད། ཞི་ལིའི(བུའི་མིང་།)་ཡིད་ཚིམ་སོང་ནི་རེད། རེབ་གོང་གི་སེར་སྐྱ་ཡོངས་ཀྱིས་དེ་རིང་རྙོག་དྲ་གཞན་མི་བཟོ་རྒྱུ་ངའི་རེ་བ་ཡིན་” ཞེས་སྐུ་ཕུང་ཞུགས་འབུལ་བྱ་ཡུལ་ནས་མང་ཚོགས་ལ་སེམས་གསོ་བྱས་ཏེ། སེར་སྐྱ་མང་ཚོགས་མིག་ཆུ་ཁྲོམ་ཁྲོམ་བཞུར་ཡོད་འདུག་ལ། དེ་བཞིན། ཆུ་མ་སྡེ་བའི་རྒད་པོ་གསུམ་གྱིས་མང་ཚོགས་ལ་སེམས་གསོ་དང་འབྲེལ་བའི་གཏམ་བཤད་བྱས་ཤིང་། དེ་ཚོས་ཀྱང་ཕ་འབྲུག་ཐར་རྒྱལ་གྱིས་བཤད་པའི་སྐད་ཆའི་ནང་དོན་དེ་བཤད་ཡོད་འདུག་པ་དང་། དེའི་ནང་གི་རྒད་པོ་གཅིག་གིས། “ང་ལོ་བརྒྱད་ཅུར་འབུད་ལ་ཁད་ཡོད། ཚང་མས་ངའི་ཁ་ལེན་རྒྱུ་འདི་རེ་བ་ཡིན་” ཞེས་བཤད་རྗེས། “རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕྱིར་བོད་ལ་མགྱོགས་པོར་ཕེབས་པར་སྨོན”་ཞེས་ཀྱང་བཤད་འདུག།

དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ཀྱི་གདུང་ཞུགས་འབུལ་སྐབས།དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ཀྱི་གདུང་ཞུགས་འབུལ་སྐབས།དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ཀྱི་གདུང་ཞུགས་འབུལ་སྐབས།དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ཀྱི་གདུང་ཞུགས་འབུལ་སྐབས།

རྒྱལ་གཅེས་དཔའ་བོ་ཁོང་གི་ཕ་འབྲུག་ཐར་རྒྱལ་གྱིས།   ངའི་བུ་དང་བཟའ་ཟླའི་དབར་ལ་རྙོག་དྲ་གཅིག་ཀྱང་མེད་པའི་ཁར་ནང་མི་ལ་དཔལ་འབྱོར་གྱི་དཀའ་ངལ་ཡང་མེད་པར་ཁྱིམ་ཚང་མཐུན་པོ་འགྲིག་པོ་ཡོད་པ་དང་། དེར་མ་ཟད་ཁོང་དུས་རྒྱུན་བོད་མི་རིགས་ཀྱི་ལ་རྒྱ་ཧ་ཅང་ཆེ་བ་དང་༸གོང་ས་༸རྒྱལ་བ་རིན་པོ་ཆེ་ལ་དད་གུས་ཀྱང་ཧ་ཅང་ཡོད་མཁན་ཞིག་ཡིན་པས་ངའི་བུས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བ་ཡིན་པས་ངས་སེམས་ཁུར་དང་མིག་ཆུ་ཙམ་ཡང་བཞུར་གི་མེད་ཅེས་ཁོང་གི་ཨ་ཕའི་ཚབ་བྱས་ཏེ།    རྒན་རྒོན་ཞིག་གིས་མི་མང་ལ་གསལ་བཤད་གནང་བ་དང་། སྐུ་ཕུང་སྦྱིན་བསྲེགས་བྱས་རྗེས་མི་དམངས་ཚང་མ་ལ་རྙོག་དྲ་སོགས་མི་བཟོ་བར་བདེ་འཇགས་ངང་རང་རང་གི་ས་གནས་སོ་སོར་ལོག་ཕེབས་རོགས་ཞེས་རེ་ཞུ་འབོད་སྐུལ་གནང་འདུག འདི་ཉིན་གཟའ་ཉི་མར་ཁེལ་བས་སློབ་གྲྭ་ཁག་གི་སློབ་ཕྲུག་དང་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོ་འཛོམས་ཡོད་འདུག།

དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ཀྱི་གདུང་ཞུགས་འབུལ་སྐབས།དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ཀྱི་གདུང་ཞུགས་འབུལ་སྐབས།དཔའ་བོ་རྡོ་རྗེ་ལྷུན་འགྲུབ་མེར་བསྲེགས་རྗེས་མི་མང་གི་འདུ་འཛོམས་བྱུང་སྐབས།དཔའ་བོ་རྡོ་རྗེ་ལྷུན་འགྲུབ་མེར་བསྲེགས་རྗེས་མི་མང་གི་འདུ་འཛོམས་བྱུང་སྐབས།

རྒྱལ་གཅེས་དཔའ་བོ་ཁོང་གིས་རང་ལུས་མེར་བསྲེགས་ལས་འགུལ་སྤེལ་བའི་རྗེས་ཙམ་ནས་རྒྱ་ནག་གཞུང་གིས་ཉེན་རྟོག་པ་དང་དམག་མིས་སྲང་ལམ་དག་ལ་སྐོར་གཡེང་དང་། དམ་དྲག་བྱེད་འགོ་ཚུགས་པ་དང་། ད་ཐེངས་མང་ཚོགས་ཀྱིས་སྐད་འབོད་བྱེད་སྐབས་དང་། སྐུ་ཕུང་གདན་ཞུ་དང་། ཞུགས་འབུལ་སྐབས་རྒྱ་གཞུང་གིས་མང་ཚོགས་འཛིན་བཟུང་དང་། གཅར་རྡུང་། དྲག་གནོན་སོགས་ཀྱི་གནས་སྟངས་བྱུང་མེད་ནའང་། གནས་ཚུལ་འདིའི་སྐོར་ཕྱིར་བསྒྲགས་མི་ཆོག་ཚུལ་མང་ཚོགས་ནང་ཁྱབ་སྤེལ་ཤུགས་ཆེ་བྱེད་ཀྱི་ཡོད་འདུག

རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས།རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས།རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ནི། ད་ལྟ་རང་ལོ་ ༢༥ ཡིན་པ་དང་།  ལྷ་བྲིས་སྒྱུ་རྩལ་གྱི་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་།  ཁོང་གི་ཕ་མིང་ལ་འབྲུག་ཐར་རྒྱལ་ད་ལྟ་ལོ ༥༠ དང་། ཨ་མའི་མིང་ལ་ཤ་བོ་གཡང་མོ་ཟེར་ཞིང་ལོ་ ༤༤ །  རྒྱལ་གཅེས་དཔའ་བོ་ཁོང་གི་བཟའ་ཟླའི་མིང་ལ་གཡང་མོ་མཚོ་ཟེར་ཞིང་ལོ་ ༢༦ ཡིན་འདུག  ཁོང་བཟའ་ཟླ་གཉིས་ལ་བུ་དང་བུ་མོ་གཉིས་ཡོད་པ་ལས།  རྒན་པ་བུ་ཀུན་བཟང་རྡོ་རྗེ་ལོ་ ༤ དང་། ཆུང་བ་བུ་མོ་ཏིང་འཛིན་སྒྲོལ་མ་ལོ་ ༢ ཡིན་འདུག

དཔའ་བོ་ཁོང་གི་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་གདོང་རྒྱལ་ལ་ཁ་ནི།  རེབ་གོང་གི་ལོ་རྒྱུས་ནང་དམིགས་བསལ་ས་ཆ་ཞིག་ཆགས་ཡོད་ལ།  དེར་བླ་ཆེན་དག་སྐུ་གཤེགས་པའི་སྐབས་སྐུ་གདུང་ཞུགས་འབུལ་བྱ་ཡུལ་ཞིག་ལས། དུར་ཁྲོད་ཀྱི་མིང་དང་ངོས་འཛིན་ཡོད་པ་ཞིག་མིན་པ་མ་ཟད། སྤྱིར་བཏང་གི་བླ་མ་དང་གྲྭ་པ། ལྷག་པར་དུ་མང་ཚོགས་དཀྱུས་མའི་རིགས་འདས་གྲོངས་སྐབས་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་ཞིག་མིན་པ་རེད། ཡིན་ནའང་།  འདི་ལོའི་ཕྱི་ཟླ་ ༣  ཚེས་ ༡༧ ཉིན་རེབ་གོང་ཤ་སྦྲང་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་གཤེགས་རྗེས།  ཁོང་གི་སྐུ་ཕུང་གདོང་རྒྱལ་ལ་ཁ་ནས་ཞུགས་འབུལ་ཞུས་ཡོད་ལ།  དེ་ནི་རེབ་གོང་གི་ལོ་རྒྱུས་ནང་ས་གནས་འདིར་མི་སྐྱ་ཞིག་གི་སྐུ་ཕུང་ཞུགས་འབུལ་ཞུས་པ་ཐོག་མ་དང་། དེ་རིང་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱི་སྐུ་ཕུང་ས་གནས་དེར་ཞུགས་འབུལ་ཞུས་པ་ནི་ཐེངས་གཉིས་པ་དེ་ཆགས་ཡོད། འདི་ནི་མང་ཚོགས་ཀྱི་ངོས་ནས་དཔའ་བོ་ཁོང་ཅག་གི་མཛད་རྗེས་ལ་བླ་ན་མེད་པའི་གུས་བརྩི་ཞུས་པའི་རྣམ་པ་ཞིག་ཆགས་ཡོད། ཉེ་སྔོན་ནས་ས་གནས་གཞུང་གི་ལས་ཁུངས་ཁག་ནང་གློག་ཀླད་རིགས་དྲ་རྒྱའི་སྐུད་ལམ་དུ་ཐད་ཀར་མཐུད་སྦྱོར་མི་ཆོག་པ་དང་།  དྲ་ལམ་དུ་གང་བྱུང་འཛུལ་ཞུགས་ཐད་དམ་དྲག་བྱེད་བཞིན་ཡོད་ལ།  ད་ལྟའི་ཆར་རེབ་གོང་ལ་འབྲེལ་བ་བྱེད་ཁག་ཏུ་སོང་སྟེ།  གློག་ཀླད་དྲ་ལམ་ཆ་ཚང་བཀག་ནས་ཕྱི་ལོགས་སུ་འབྲེལ་བ་བྱེད་པར་བཀག་སྡོམ་ཤུགས་ཆེ་བྱེད་ཀྱིན་པའི་གནས་སྟངས་ཆགས་འདུག   རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ནི།  ཕྱི་ལོ་ ༢༠༠༩ ལོ་ནས་ཕྱི་ལོ་ ༢༠༡༢  ལོའི་ཟླ ༡༡ ཚེས ༠༤ བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༦༣ དང་།  རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་པ་ ༥༢  ཆགས་ཡོད་པ་རེད།

དཔའ་བོ་རྡོ་རྗེ་ལྷུན་འགྲུབ་མེར་བསྲེགས་རྗེས་མི་མང་གི་འདུ་འཛོམས་བྱུང་སྐབས།དཔའ་བོ་རྡོ་རྗེ་ལྷུན་འགྲུབ་མེར་བསྲེགས་རྗེས་མི་མང་གི་འདུ་འཛོམས་བྱུང་སྐབས།

བོད་ནང་གི་བོད་མི་ཚོས།” ༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས། བོད་མི་ཚོར་རང་དབང་དགོས་”ཞེས་སོགས་ཀྱི་འབོད་སྒྲ་བསྒྲགས་ཏེ། གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེའི་རྒྱུ་རྐྱེན་ནི། བོད་མི་ཚོའི་ལུས་སེམས་གཉིས་དང་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་༧གོང་ས༸་སྐྱབས་མགོན་ཆེན་པོ་མཆོག  བོད་མི་མང་གི་རེ་འདུན་ལྟར་བོད་དུ་ཕེབས་འཇུག་རྒྱུར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུ་དང་མཐའ་ན་མཐུན་ཕྱོགས་ཀྱི་རྣམ་འགྱུར་ཙམ་ཡང་མེད་པ། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་མཚན་སྨད་དང་ཉེས་འཛུགས་སྣ་ཚོགས་བྱེད་བཞིན་ཡོད། དཔེར་ན། ཟླ་འདིའི་ཚེས་ ༢༤ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ Hong Lei’s ཟེར་བས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། “བོད་ནང་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ཏཱ་ལིའི་ཕྱོགས་ཁག་ལ་ཐུག་ཡོད་པ་དང་། ཕྱོགས་ཁག་དེས་རྒྱལ་ཁབ་ཁ་བྲལ་གྱི་དམིགས་ཡུལ་བཟུང་ནས། བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེག་གཏོང་དགོས”ཞེས་སྐུལ་མ་བྱེད་ཀྱི་ཡོད་ཅེས། གཞི་རྩ་དང་དཔང་རྟགས་གང་ཡང་མེད་པར་གཞི་མེད་ཀྱི་སྐྱོན་བརྗོད་བྱས་ཡོད།

ས་གནས་རྒྱ་གཞུང་ཉེན་རྟོག་ལས་ཁུངས་ནས། བོད་མིའི་རང་ལུས་མེར་བསྲེགས་དང་འབྲེལ་ཡོད་མི་སྣ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་ ༥ ནས་ ༢༠ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པའི་བརྡ་ཁྱབ་སྤེལ་ཡོད་པ་དང་། བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་རྒྱུ་རྐྱེན་ནི།   རྒྱ་ནག་གཞུང་གིས་ཤེས་བཞིན་དུ། དངུལ་སྤྲད་ནས་འགོག་ཐབས་བྱས་དང་བྱེད་བཞིན་པའི་གཡོ་སྒྱུ་དེ་ཡིན་པ།  དེང་སྐབས་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་གསར་འགོད་པ་དང་ཆབ་སྲིད་མི་སྣ་སོགས་ཀྱི་དོ་སྣང་བྱེད་ཡུལ་ཆེ་ཤོས་ཤིག་ཆགས་བཞིན་ཡོད། རྒྱ་ནག་གཞུང་གི་བྱ་སྤྱོད་དེས་བོད་མིའི་དངོས་ཡོད་གནས་སྟངས་གསལ་རྟོགས་མེད་པ་དང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ་ལ་རྒྱུས་མངའ་རྩ་བ་ནས་མེད་པའི་རྟགས་མཚན་གསལ་པོ་ཡིན། ད་དུང་ཡང་རྒྱ་ནག་གཞུང་གིས་འདི་ལྟར་ཞག་འགྱངས་ཉིན་ཕུད་ཀྱིས། འཛམ་གླིང་མི་མང་མགོ་སྐོར་གཏོང་ཆེད་དུ་གཞི་མེད་ཀྱི་སྐྱོན་འཛུགས་དང་། གཡོ་སྒྱུ་ཁོ་ནས་འཛམ་གླིང་མི་མང་མགོ་སྐོར་གཏོང་ཐབས་བྱས་དང་བྱེད་བཞིན་ཡོད།

བོད་ནང་རང་ལུས་མེར་བསྲེགས་ཀྱི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བཞིན་པ་འདིའི་ངོ་བོ་ནི།  རྒྱལ་སྤྱིའི་སྟེང་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་དེ་ལྟར་ཡང་།  བོད་མི་རིགས་ལ་མི་འབོར་ཉུང་ཞིང་།  ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཅན་དེའི་འོག  བོད་མི་གཅིག་གི་སྐུ་སྲོག་ཤོར་ནའང་།  བོད་མི་རིགས་ལ་གྱོང་གུད་ཆེན་པོ་ཡིན་པ་སྨོས་མ་དགོས་པས།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་བློ་འཚབ་ཆེན་པོ་ཡོད་པ་དང་།  བོད་མི་རྣམས་ཀྱིས་སླད་ཕྱིན་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་འབོད་སྐུལ་ཞུ་རྒྱུ།  རྒྱ་གཞུང་གི་ངོས་ནས་ཛ་དྲག་གི་གནས་སྟངས་འདིའི་རྒྱབ་ལྗོངས་ལ་དྲང་བདེན་གྱིས་ཞིབ་འཇུག་བྱེད་དགོས་པར་མ་ཟད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨོད་སྐུར་འདེབས་གང་བྱུང་བྱེད་པ་ནི།  གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་གཏོང་གི་ཡོད།  ད་དུང་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་མ་བཏང་ན།  བོད་ས་ཁྱོན་ཡོངས་སུ་ད་ལྟའི་གནས་ཚུལ་འདི་ལས་ཇེ་སྡུག་ཏུ་འགྱུར་སྲིད་པས་འབྱུང་འགྱུར་གྱི་འགན་ཡོངས་རྫོགས་རྒྱ་ནག་གཞུང་གིས་ཁྱེར་དགོས་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་ནང་ཐེངས་མང་ཞུས་ཡོད་ལ་ད་དུང་ཡང་འདི་བཞིན་ནན་བརྗོད་བྱེད་རྒྱུ་ཡིན།