རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་ཀྱི་ཞལ་ཆེམས་དང་འབྲེལ་བའི་གནས་ཚུལ་ཁ་སྐོང་།

རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས།རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས། རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་དགུང་ལོ་༦༤ ཡིན་པ་དང་། ཁོང་གི་ཤུལ་ལུས་ནང་མི་བཟའ་ཟླ་ཆོས་མོ་ཐར་ལོ་༥༤ ཡིན་པ་ཁོང་གཉིས་ལ་ཕྲུ་གུ་གསུམ་ཡོད་ཅིང་། ཆེ་བ་བུ་རྟ་མགྲིན་སྐྱབས་ལོ༣༣ ཡིན་པ་ཁྱིམ་གཞིས་ཟུར་དུ་ཟིན་ཡོད་པ་དང་། འབྲིང་བ་བུ་མོ་རྡོ་རྗེ་འཚོ་ལོ༢༨ ཡིན་པ་ཁྱིམ་ཚང་གི་གཞིས་འཛིན་ཡིན་ཞིང་། ཆུང་བ་བུ་ཝུན་ཁྲང་རྡོ་རྗེ་ལོ༢༠ ཡིན་པ་རྫོང་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་ཡོད་པ་རེད་འདུག ཁོང་གི་སྐུ་ལུས་མེར་བསྲེགས་མ་གནང་གོང་དུ་ཞལ་ཆེམས་ཤིག་བྲིས་གནང་བའི་ནང་། བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །འཛམ་གླིང་ལ་ཞི་བདེ་ཡོང་བའི་རེ་བ་དང་། རྒྱལ་དབང་རིན་པོ་ཆེ་རང་ཡུལ་དུ་ཕེབས་པའི་རེ་འདུན། བོད་རྒྱལ་ཁབ་རང་ས་ཟིན་པའི་དོན་དུ་རང་ལུས་མེ་མཆོད་དུ་འབུལ་རྒྱུ་ཡིན། ཞེས་འཁོད་འདུག་ལ། ཁོང་གི་སྐུ་ཕུང་བུ་ཡིས་རེ་འདུན་ལྟར། ཁོང་གི་འཁྲུངས་ཡུལ་གཅན་ཚ་ཐང་ཤང་ལོ་བ་སྡེ་བར་གདན་འདྲེན་ཞུས་ཏེ་ཚེས་༡༥ དགོང་མོར་བསྲེགས་སྦྱངས་གནང་ཡོད་འདུག

Menu