རྒྱལ་གཅེ་དཔའ་བོ་བསྟན་འཛིན་ཤེས་རབ་ལགས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་འདུག་པ་
ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ ཉིན་ཁམས་ཡུལ་ཤུལ་བོད་རིགས་རང་
སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཁོངས་ཨ་དྲེལ་སྡེ་པ་ནས་ཡིན་པ་རྒྱལ་
གཅེ་དཔའ་བོ་བསྟན་འཛིན་ཤེས་རབ་ལགས་ཀྱིས་རྒྱ་ནག་གཞུང་གི་
གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་
འདས་གྲོངས་སུ་གྱུར་འདུག་པ་དང། བསྟན་འཛིན་ཤེས་རབས་ལགས་
ཀྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་རྗེས་མ་གཏོགས་ཡུལ་མི་
སྤུན་གྲོགས་ཚོས་ཤེས་རྟོགས་བྱུང་མེད་ལ། ཁོང་གི་སྐུ་ཕུང་ཐོག་མ་
ཉེན་རྟོག་པས་འཁྱེར་ཡོད་ཀྱང། ཐ་མ་ཕྱི་ཚེས་ ༢༨ ཉིན་ཕྱིར་ནང་
མིར་རྩིས་སྤྲོད་བྱས་ཏེ། ད་ལྟ་སྐུ་ཕུང་དེ་གའི་དབོན་པོ་དགོན་དུ་
འཁྱེར་ཡོད་འདུག
བསྟན་འཛིན་ཤེས་རབས་ལགས་ནི་ཁམས་ཡུལ་ཤུལ་ཁོངས་ཆུ་དམར་
ལེབ་རྫོང་ཆིག་སྒྲིལ་གྲོང་བརྡལ་སྐྱ་འཁྱོག་ཡུལ་ཚོའི་རུ་ཁག་གཉིས་པའི་
ཨ་དྲེལ་སྡེ་པ་ནས་ཡིན་ཞིང། ཁོང་གི་ཕའི་མཚན་ལ་དོན་འགྲུབ་དང།
མའི་མཚན་ལ་ཆོས་མས།ཕ་མ་གཅིག་གི་སྤུན་མཆེད་ལྔ་ཡོད་འདུག དེ་
ཡང་གནས་ཚུལ་མཁོ་འདོན་པས་བརྗོད་གསལ་ལྟར་ན། ཁོང་གིས་ཉིན་
ཤས་སྔོན་དུ་གྲོགས་པོ་ཁ་ཤས་ལ་རྒྱ་ནག་གི་སྲིད་བྱུས་ཡག་པོ་མེད་ཚུལ་
དང། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་བརླགས་འགྲོ་ཉེན་ཡོད་པ།
ང་རང་ཚོ་རྒྱ་ནག་གི་དྲག་སྤྱོད་འོག་ནས་འདུག་ཐབས་བྲལ་བ་སོགས་ཀྱི་
གསུང་གླེང་མང་པོ་བྱས་འདུག་ལ། དེ་རྗེས་རང་ལུས་མེར་སྲེག་བཏང་བའི་
གནས་ཚུལ་བྱུང་བ་ཡིན་འདུག
བསྟན་འཛིན་ཤེས་རབས་ལགས་ནི་ཁམས་ཡུལ་ཤུལ་ཆུ་དམར་ལེབ་ཛོང་ཁོངས་ཨ་དྲེལ་སྡེ་པ་ནས་ཡིན་པ་
དེས་ན་ཕྱི་ལོ་༢༠༠༩།༢།༢༧ ནས་ ༢༠༡༣།༥།༢༧ བར་བོད་མི་མང་སྤྱི་
འཐུས་ལྷན་ཚོགས་ཀྱིས་ཤེས་རྟོགས་གསལ་པོ་བྱུང་བ། བོད་ནང་རང་
ལུས་མེར་སྲེག་གནང་མཁན་ ༡༡༨ དང་འདས་གྲོངས་སུ་གྱུར་པ་གྲངས་
༡༠༡ ཆགས་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་
སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། རང་ལུས་མེར་སྲེག་ཐད་གསར་འགོད་
བསྒྲགས་གཏམ་སོགས་རིམ་པ་བྱས་ཡོད་པའི་ནང་། བོད་ནང་རང་ལུས་
མེར་སྲེག་དེ་ལྟར་ཕོན་ཆེ་བྱུང་དོན་ནི། རྒྱ་ནག་གཞུང་གིས་བོད་ཡུལ་
བཙན་བཟུང་བྱས་པ་ནས།བོད་ཡུལ་དང་བོད་མི་རིགས། ཆོས་དང་སྐད་
ཡིགགོམས་གཤིས་དང་ཡུལ་སྲོལ་སོགས་རྩ་མེད་བཏང་བའི་མཁྲེགས་འཛིན་
གྱི་སྲིད་བྱུས་ལས་བྱུང་བ་ཡིན་པས་ད་དུང་ཡང་ནན་བརྗོད་བྱེད་རྒྱུ་ཡིན།
རྒྱ་ནག་གཞུང་གིས། བོད་ནང་རང་ལུས་མེར་སྲེག་ནམ་བྱུང་ཚེ་དང་ཐོག་རྩ་བ་
ནས་སྦས་ཐབས་བྱེད་ཀྱི་ཡོད་པ་དང་། དེ་མ་བྱུང་ན་ནང་མི་དང་ཉེ་འབྲེལ་ལ་
སྡིག་སྐུལ་དང་ལྐོག་རྔན་སྤྲོད་ཐབས་ཀྱིས་གནས་ཚུལ་ཕྱིར་བསྒྲགས་མ་འགྲོ་
བར་ཐབས་ཤེས་བྱེད་ཀྱི་ཡོད། དེ་མ་བྱུང་ན་ཕྱི་ཕྱོགས་སུ་ཡོད་པའི་༧གོང་ས་
སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་དོན་ལ་རྒྱབ་
སྐྱོར་བྱེད་མཁན་གྱི་སྲིད་གཞུང་ཁག་གིས་རང་ལུས་མེར་སྲེག་ལ་སྐུལ་སློང་བྱེད་
ཀྱི་ཡོད་པའི་དྲིལ་བསྒྲགས་ལོག་པ་བྱེད་ཀྱི་ཡོད། དེ་ནས་རིམ་གྱིས་རང་ལུས་
མེར་སྲེག་གནང་མཁན་ལ་སྐུལ་སློང་བྱེད་མཁན་དོགས་ཡོད་ཉེས་ཅན་པ་ཟེར་
ནས། དཔང་རྟགས་དང་བདེན་དཔང་གང་ཡང་མེད་པའི་ཐོག་ནས་བོད་མི་
མང་པོ་སྡེབ་བཟུང་གིས་སྲོག་ཁྲིམས་དང་ལོ་གྲངས་རྒྱས་བཅད་ཀྱིས་ཁྲིམས་ཐག་
གཅོད་བཞིན་ཡོད། རྒྱ་གཞུང་གིས་བོད་མི་ཚོས་རང་ལུས་མེར་སྲེག་གནང་དོན་
ལ་ཞིབ་འཇུག་བྱས་ཏེ། བོད་མི་མང་གི་བསམ་ཚུལ་མཚོན་པའི་མཐུན་ཕྱོགས་
ཀྱི་སྐད་ཆ་ཚིག་འབྲུ་གཅིག་ཀྱང་བཤད་མྱོང་མེད་ལ། དེ་ལས་ལྡོག་སྟེ་ཕྱི་ཕྱོགས་
ཁོ་ན་ལ་ངན་ཁག་དཀྲིས་ཐབས་བྱས་པ་ནི་ནམ་ཡང་ངོས་ལེན་བྱེད་ཐབས་མེད།
ད་དུང་ནན་བརྗོད་བྱེད་དགོས་པ་ཞིག་ལ། སྐབས་བཅོ་ལྔ་པའི་བོད་མི་མང་
སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག གཞུང་འབྲེལ་
གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་བཞག་
ཡོད་པའི་ནང་། བོད་མི་ཚོས་རང་ལུས་མེར་སྲེག་བྱེད་དགོས་དོན་དང་
ཁོང་ཚོའི་ངོ་རྒོལ་དང་རེ་འདུན་གྱི་འབོད་ཚིག ཞལ་ཆེམས་བཞག་པ་
ཁག་ལ་ངེས་པར་དུ་ཞིབ་འཇུག་བྱས་ཏེ་དཀའ་རྙོག་སེལ་དགོས་པ་དང་།
མཉམ་འབྲེལ་རྒྱལ་ཚོགས་གཙོས་སྲིད་གཞུང་ཁག་གི་གྲོས་ཆོད་ཡིག་ཐོག་
ཙམ་དུ་མིན་པ། རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་
བོད་དུ་གཏོང་ཐབས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་
ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་
རྣམས་ནས་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་
ཚོགས་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བཞིན། ད་ཐེངས་ཀྱི་
གསར་འགོད་བསྒྲགས་གཏམ་ འདི་དང་འབྲེལ་ནས་ལག་བསྟར་ཡོང་
བའི་རེ་སྐུལ་ནན་མོ་ཞུ་རྒྱུ་ཡིན།
ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་༥ ཚེས་ ༢༩ ཉིན།།