རྒྱལ་གཅེས་དཔའ་བོ་དཔའ་མོ་དྲུག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་གསུམ་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

ཕྱི་ལོ་༢༠༡༢    ཟླ༡༡  ཚེས༧  ཉིན། བོད་ནང་གི་ཕྱི་དྲོ་ཆུ་ཚོད་༥ པ་ཡས་མས་ཤིག་ལ།   མདོ་སྨད་རེབ་གོང་མདོ་བ་སྒྲོ་རོང་བོ་སྒྲོ་ཐང་སྡེ་བའི་རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོའམ་གཅེས་མིང་ལ་ཨ་མ་མཚོ་མོ་རང་ལོ་༢༣  ལ་སོན་པ་ཁོང་གིས་གད་དམར་ཐང་གི་དགུན་སའི་ཁྱིམ་ནས་མོ་རང་གི་གཅུང་བོ་འབྲོག་ཁྱིམ་དུ་ཡོད་སྐབས་ཀྱི་བར་གསེང་ཞིག་ལ།   རང་ཁྱིམ་ཕྱི་ནང་ལ་གད་བདར་གཙང་མ་ཞིག་བྱས་རྗེས། ༸གོང་ས་མཆོག་གི་སྐུ་པར་རིན་པོ་ཆེའི་མདུན་དུ་མར་མེ་ཡོན་ཆབ་ཕུལ་ཏེ།  གཅུང་བོ་ལ་ཤེས་སུ་མ་བཅུག་པར་གསང་སྟབས་ཀྱིས་འཕྲུལ་རྟ་ལ་ཞོན་ནས་སྡོད་ཁྱིམ་དང་ཅུང་ཐག་རིང་སའི་སློབ་གྲྭ་དང་ཚོང་ཁང་སོགས་ཡོད་སའི་འབྲོག་ཁུལ་དེའི་མི་རྣམས་འདུ་འཛོམས་བྱེད་ཡུལ་ཆེ་ཤོས་ཀྱི་ས་གནས་དེར་སྦག་སྦག་གི་སྣུམ་མགོ་ཐོག་ཏུ་བླུགས་པ་དང་། ཁ་ནང་དུ་བཏུངས་ཏེ། “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས”ཞེས་སོགས་སྐད་འབོད་རྒྱག་བཞིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་རྗེས།རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་རྗེས།རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོ་ལགས།རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོ་ལགས།

དེ་མ་ཐག་རྒྱ་ཆེའི་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་སྟེ།   སྐུ་ཕུང་གད་དམར་ཐང་རང་ཁྱིམ་དུ་གདན་འདྲེན་ཞུས་ཤིང་།  གནས་ཚུལ་དེ་གོ་མ་ཐག་ས་རུབ་ཡོད་ནའང་འདབས་འབྲེལ་གྱི་མི་མང་སྟོང་ཕྲག་མང་པོ་གད་དམར་ཐང་ལ་འཛོམས་ནས་ཀི་ལྡིར་བྱས་ཤིང་། “རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག   བོད་ལ་རང་དབང་དགོས་”ཞེས་སོགས་སྐད་འབོད་བྱས་པ་དང་།  ས་ཐག་ཉེ་རིང་གི་དགོན་སྡེ་དང་གྲོང་སྡེ་མང་པོ་ནས་མི་མང་གིས་གུས་བརྩི་མཚོན་ཆེད།   མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་སྐྱེད་ཞུ་བར་འབྱོར་དང་འབྱོར་མུས་ཡིན་པ་དང་། རླངས་འཁོར་བརྒྱ་ཕྲག་ཁ་ཤས་གད་དམར་ཐང་དུ་འཛོམས་འདུག་པ་དང་།     ད་དུང་ཡང་མུ་མཐུད་ཐག་ཉེ་རིང་གི་མི་མང་པོ་འབྱོར་བཞིན་ཡོད་འདུག   ས་གནས་ཀྱི་རྒྱ་གཞུང་གི་ལས་བྱེད་དང་དམག་མི།  ཉེན་རྟོག་པ་སོགས་ཀྱིས་དམ་དྲག་གི་གནས་ཚུལ་ད་ལྟའི་ཆར་མངོན་གསལ་ཐོན་མི་འདུག

ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོས་ལོ་སྔོན་མ་ནས་ཤ་བཅད་ཡོད་པ་དང་།  ཤ་གཅོད་དགོས་པའི་རྒྱུ་མཚན་ནི།  བོད་མི་རིགས་དང་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཡིན་པ་དང་། ད་དུང་ཁོ་མོས་ད་ང་ཚོ་བོད་མི་འདི་རིགས་ཚར་ཐལ། ང་ཚོ་བོད་མི་ཚང་མས་ཤུགས་མ་བརྒྱབ་ན་དཀའ་རྒྱུ་རེད། ཅེས་དུས་རྒྱུན་དུ་ཡང་ཡང་བཤད་འདུག་པ་དང་། ད་ལོ་དབྱར་ཁ་ནས་ཨ་མ་ལ་ང་རོང་བོ་དགོན་པ་ནང་དུ་འགྲོ་ན་འདོད་ཀི་ཞེས་ཨ་མ་ལ་ཡང་ཡང་ཞུས་ཀྱང་ཨ་མས་འགྲོ་མི་དགོས་ལབ་སྟེ་འགྲོ་ཐུབ་མི་འདུག  ནམ་རྒྱུན་ཁྱིམ་ཚང་སྡོད་ས་གད་དམར་ཐང་ཟེར་བ་ཡིན་པ་དང་། ས་ཆ་དེ་ནི་རོང་བོ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པས་དུས་དབང་གསུང་སའི་ས་ཆཪ་ཁེལ་ཡོད་པ་དང་། རྒྱལ་གཅེས་དཔའ་མོ་ཁོང་དུས་རྒྱུན་ཕ་མའི་ཁ་ལ་ཉན་ཏེ།   ཁྱིམ་ལས་སོགས་ཁྱིམ་ཚང་གི་ལས་འགན་ཁུར་ནས་ལས་ཀ་ལ་ཧུར་བརྩོན་བྱེད་མཁན་ཞིག་ཡིན་པ་མ་ཟད།   གཤིས་རྒྱུད་དྲང་ཞིང་ཆོས་སེམས་ཆེ་ལ་གཞན་ལ་རོགས་རམ་གང་ཐུབ་བྱེད་ཅིང་།  ང་ལ་རོགས་པ་ཞིག་བྱོས་ལབ་ན་ལམ་སེང་ཁ་ནས་ཡ་ཡ་མ་གཏོགས་མེད་པའི་བུ་མོ་ཚད་ལྡན་ཞིག་ཡིན་འདུག ད་ལྟའི་ཆར་ནང་མི་ཚོས།  མོ་རང་གིས་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་མེ་ལ་བསྲེགས་པ་རེད། ང་ཚོས་སེམས་ཁྲལ་མི་བྱེད། རེ་འདུན་གཙོ་བོ་ནི།   ༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་སྙན་དབང་དུ་ཞུས་ནས་བསྔོ་བ་སྨོན་ལམ་དང་། ཕྱི་སྡོད་བོད་མི་ཚང་མས་སྨོན་ལམ་གསུང་རྒྱུ། བོད་མི་རིགས་ཀྱི་ཆེད་ཁོ་མོས་རང་ལུས་མེར་བསྲེགས་པ་ཡིན་སྟབས། རྒྱལ་སྤྱིའི་སྒང་ལ་གནས་ཚུལ་གང་ཐུབ་སྤེལ་རོགས།  ང་ཚོ་གཞིས་བྱེས་བོད་མི་རྣམས་མཉམ་འཛོམས་ཡོང་རྒྱུར་ལག་གཉིས་ཐལ་མོ་སྦྱར་ཏེ་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་ཡོད་གནས་འདུག

རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོ་ལགས་ཀྱི་ཕ་མ་གཉིས་དང་ནུ་བོ། ཁོ་མོའི་བུ་བཅས།རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོ་ལགས་ཀྱི་ཕ་མ་གཉིས་དང་ནུ་བོ། ཁོ་མོའི་བུ་བཅས།

རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོ་ལགས།རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོ་ལགས།རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོ་ལགས་ནི། ད་ལྟ་རང་ལོ་ ༢༣ ཡིན་པ་དང་། ཕ་རྟ་མགྲིན་སྐྱབས་སམ་རྟམ་ཁོ་ལོ ༥༠ དང་།  མ་དཀོན་མཆོག་མཚོ་ལོ་ ༤༤ ཡིན་པ་གཉིས་ལ། བུ་གཅིག་དང་བུ་མོ་གཉིས་བཅས་བུ་ཕྲུག་གསུམ་ཡོད་པའི་ནང་གི་རྒན་པ་དེ་ཡིན་འདུག  ནུ་བོ་ལྷ་མོ་སྐྱབས་ད་ལྟ་ལོ་ ༢༠ དང་། ནུ་མོ་རི་ལངས་མཚོ་ལོ་༡༡ ཡིན་འདུག རྟ་མགྲིན་མཚོ་ལ་བུ་གཅིག་ཡོད་པའི་མིང་ལ་སྙིང་བྱམས་ཚེ་རིང་ཟེར་ཞིང་ད་ལྟ་ལོ་༦ཡིན་འདུག

ཉེ་བའི་ཟླ་ཤས་ནས་ཁོང་མོས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དཔའ་བོ་དཔའ་མོ་དག་གི་ཆེད་དུ་དམིགས་ཏེ། མ་ཎི་གསོག་སྒྲུབ་དང་། སྨྱུང་གནས་སྡོམ་པ་སྲུང་བ། མཆོད་མེ་འབུལ་བ་སོགས་དགེ་སྒྲུབ་ལ་འབད་ཡོད་པ་རེད་འདུག


གཞན་ཡང་།  ཕྱི་ལོ་༢༠༡༢  ཟླ་༡༡ ཚེས་༧ ཉིན།  བོད་ནང་གི་ཕྱི་དྲོའི་དུས་ཚོད་༣  པ་ཡས་མས་ཤིག་ལ།   བོད་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཡུལ་ཚོ་ཚོ་དྲུག་སྡེ་བའི་ནང་ཚན་སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་ཕ་མིང་ལ་ཚེ་རིང་དང་། མ་མིང་ལ་གངས་དཀར་ཟེར་བ་ལོ་སྔོན་མར་གྲོངས་ཟིན་འདུག  ཁོང་གཉིས་ཀྱི་བུ་སྔོ་ཤུལ་དགོན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་རྡོ་རྗེ་ལགས་རང་ལོ་༡༥ དང་།   དེ་བཞིན་སྔོ་ཤུལ་ཐང་བ་མའི་ཐང་ལྷ་ཚང་གི་ཕ་མིང་ལ་བསོད་དར་དང་། མ་མིང་ལ་པ་སངས་ཡིན་པ་ཁོང་གཉིས་ཀྱི་བུ་སྔོ་ཤུལ་དགོན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་བསམ་འགྲུབ་ལགས་རང་ལོ་༡༦ ཡིན་པ།   ཡང་།   སྔོ་ཤུལ་རྨེའུ་སྐྱོང་སྡེ་བའི་ཚེ་རིང་དོན་འགྲུབ་ཚང་གི་ཕ་མིང་ལ་ཚེ་རིང་དོན་འགྲུབ་ཟེར་བ་ཁོང་གི་བུ་སྔོ་ཤུལ་དགོན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་རྡོ་རྗེ་སྐྱབས་ལགས་རང་ལོ་༡༦ ཡིན་པ།

རྔ་བ།རྔ་བ།ཁོང་གསུམ་གྱིས་རྔ་སྟོད་སྒོ་མང་ཡུལ་ཚོའི་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་བསྲེགས་བཏང་སྟེ།  “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས། “ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང་། རང་ལོ་༡༥ ཡིན་པའི་རྒྱལ་གཅེས་དཔའ་བོ་གྲྭ་རྡོ་རྗེ་ལགས་དེ་མ་ཐག་སྐུ་གྲོངས་ཡོད་པ་དང་།   དུས་ཐུང་ནང་ས་གནས་ཀྱི་ཉེན་རྟོག་པ་སོགས་སླེབས་ཏེ་དམ་དྲག་བྱེད་བཞིན་ཡོད་འདུག   གནས་ཚུལ་འབྱོར་གསལ་ལྟར་ན།  རྒྱལ་གཅེས་དཔའ་བོ་བསམ་འགྲུབ་ལགས་དང་།  རྒྱལ་གཅེས་དཔའ་བོ་རྡོ་རྗེ་སྐྱབས་ལགས་གཉིས་སྐབས་ཐོག་དེར་གྲོངས་མེད་པར་རྔ་པ་རྫོང་ སྨན་ཁང་དུ་ཁྱེར་འདུག་ཀྱང་།  རྗེས་སུ་རྔ་པ་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་ཡོངས་རྫོགས་དམ་དྲག་བཀག་སྡོམ་ནན་མོ་བྱས་འདུག་པ་མ་ཟད། རྔ་སྟོད་སྒོ་མང་ཡུལ་ཚོ་དང་སྔོ་ཤུལ་དགོན་པ་སོགས་ལ་དམ་དྲག་ནན་མོ་བྱེད་མུས་ཡིན་འདུག  རྔ་སྟོད་སྔོ་ཤུལ་དགོན་པ་ནི།   གྲུབ་མཐའ་དགེ་ལུགས་པ་ཡིན་ཞིང་། དགོན་འདིའི་མིང་ཆ་ཚང་ལ་སྔོ་ཤུལ་དགོན་དགའ་ལྡན་བསམ་གཏམ་གླིང་ཟེར་བ་དང་།   སྔོ་ཤུལ་དཔོན་སློབ་ངག་དབང་ཡར་འཕེལ་གྱིས་ཕྱག་བཏབ་པ་དང་། དེང་སྐབས་དགེ་འདུན་པ་ཞལ་གྲངས་༡༣༠ ཙམ་ཡོད་པ་དང་།  རྔ་པ་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་༡༢ ལྷག་གི་མཚམས་སུ་ཆགས་ཡོད་འདུག་པའི་གནས་ཚུལ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འགྲེལ་བརྗོད་གནང་བྱུང་།

ཡང་།   འདི་ཟླ༡༡ ཚེས་༧ ཉིན་ཁམས་འབྲི་རུ་རྫོང་པད་དཀར་ཤང་གི་བོད་མི་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་འདུག་ཀྱང་། སྐབས་དེར་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱས་ཡོད་པར་བརྟེན། རྩ་བའི་གནས་ཚུལ་འདི་དངོས་ཡོད་ཡིན་ན་ཡང་ཁོང་མེར་བསྲེགས་བཏང་རྗེས་ཀྱི་གནས་ཚུལ་དང།  མིང་དང་ལོ་གྲངས་སོགས་ཤེས་རྟོགས་དཀའ་བའི་ཛ་དྲག་གནས་སྟངས་འོག་ལྷག་འདུག


གཞན་ཡང་།   ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༨ ཉིན། བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༤ བ་ཡས་མས་ཤིག་ལ།  བོད་མདོ་སྨད་རེབ་གོང་མདོ་བ་འབྲོག་ལྡོང་ངེ་རྒྱ་ལྡིང་སྡེ་བ་ནས་ཡིན་པའི་བླ་མ་སྐྱབས་ཚང་གི་ཕ་གཅོད་པ་དང་མ་བདེ་མཆོག་སྐྱིད་གཉིས་ཀྱི་བུ་དེ་སྔ་རེབ་གོང་རོང་བོ་དགོན་ཆེན་དུ་ཆོས་ཞུགས་གནང་མྱོང་མཁན་རྒྱལ་གཅེས་དཔའ་བོ་གྲྭ་ཟུར་སྐལ་བཟང་སྦྱིན་པ་ལགས་ཀྱིས།  རེབ་གོང་རོང་བོ་དགོན་ཆེན་གྱི་མདུན་སྒྲོལ་མ་ཐང་ཆེན་དུ། རས་དཀར་པོ་ཞིག་གི་སྟེང་དུ་”༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། མི་རིགས་འདྲ་མཉམ་དགོས།” ཞེས་བྲིས་ཏེ། རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་ལགས།རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་ལགས།ཁོང་གིས་རང་ལུས་མེར་བསྲེགས་ངོ་རྒོལ་གནང་བ་དང་མཉམ་དུ་ས་གནས་རྒྱ་གཞུང་གི་དམག་མིས་རྨ་ལྷོ་ཁུལ་ཐོག་གི་སྲང་ལམ་ཡོངས་སུ་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་དང་། ཡར་འགྲོ་མར་འགྲོའི་མི་མང་ཡང་འགྲོ་སྟབས་བདེ་བོ་མེད་པ་བཟོས་འདུག  འབྲེལ་ཡོད་ནས་གནས་ཚུལ་གསུངས་གསལ་ལྟར་ན།  མི་མང་ལྔ་སྟོང་དྲུག་སྟོང་ལྷག་གིས་”རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་”ཞེས་སོགས་ཀྱི་སྐད་འབོད་དང་། མེར་བསྲེགས་གནང་མཁན་གྱི་སྐུ་ཕུང་གི་མཐའ་བསྐོར་ཏེ་ཛ་དྲག་ངང་གནས་འདུག་ཟེར།

རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་ལགས་ནི།  ད་ལོ་རང་ལོ་ ༡༨ ཡིན་འདུག་པ་དང་། དེ་སྔ་ལོ་བཞིའི་རིང་གྲྭ་བ་བྱས་རྗེས་སྐྱ་བབས་ཏེ་རང་ཡུལ་དུ་འབྲོག་པའི་འཚོ་བ་རོལ་བཞིན་པ་དང་།   ཕ་མིང་ལ་།  གཅོད་པ་དང་། མ་མིང་ལ་བདེ་མཆོག་སྐྱིད་ཟེར།

རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་ལགས།རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་ལགས།

རེབ་གོང་མདོ་བ་འབྲོག་ཏུ་འདས་ལོ་ནས་རྒྱ་ནག་གཞུང་གིས་མཉམ་ལས་ཀྱི་ལས་གཞི་འགོ་བཙུགས་ཡོད་པས་མདོ་བ་ཡུལ་ཚོའི་སྲིད་གཞུང་གི་གནས་ཡུལ་དུ་མང་ཚོགས་ཀྱིས་ངོ་རྒོལ་སྐད་འབོད་ཀྱང་བྱས་མྱོང་ཡོད།

དེ་ལྟར་ན།  ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་༢༠༡༢ ཟླ ༡༡ ཚེས༨ བར་བོད་ནང་དུ་ར་འཕྲོད་གསལ་བོ་བྱུང་བ་རང་ལུས་མེར་བསྲེགས་གནང་མཁན༦༩དང་།  དེའི་ནང་ནས་འདས་གྲོངས་སུ་གྱུར་བ་༥༥ ཆགས་ཡོད།

བོད་ནང་དུ་བོད་མི་ཚོ་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་འོག་སྡོད་འདོད་མེད་པར་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་ལས་འགུལ་གཅིག་མཇུག་གཉིས་མཐུད་ཡོང་བཞིན་པར།  ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་བསྐྱངས་པའི་དོན་གནད་ཁག་ལ་བསམ་གཞིགས་ཡོང་བའི་འབོད་བསྐུལ་ནན་གྱིས་ཞུ་རྒྱུ་དང། སླར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུར།

༡།       ཉེ་ལམ་པེ་ཅིང་ཨ་རིའི་གཞུང་ཚབ་མཆོག་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་དང་།  དེ་མིན་ཨ་རི་དང་ཡུ་རོབ་གཙོས་དྲང་བདེན་དང་མང་གཙོར་དགའ་བའི་གཞུང་དང་སྒེར། གནད་ཡོད་མི་སྣ་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་དང་འབོད་སྐུལ་རིམ་པ་གནང་བར་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་རྣམ་འགྱུར་ཤུགས་ཆེ་འཛིན་བཞིན་པར་བརྟེན། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་པའི་རྒྱལ་ཁབ་དེ་དག་གིས་གཙོ་འགན་བཞེས་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་དུ་གཏོང་ཐབས་ཀྱིས་དངོས་ཡོད་གནས་སྟངས་ཇི་ཆགས་ལ་ཞིབ་འཇུག་གནང་བའི་རེ་སྐུལ་ཞུ་རྒྱུ།

༢།       ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་ (Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་)Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བ་དེ་ནི་ལྷན་ཁང་དེས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་གསལ་ཤོས་དེ་ཡིན་པ་མ་ཚད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་གི་ཐོག་ནས་བར་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལངས་ཕྱོགས་གསལ་པོ་འཛིན་པར་ཡང་ངོས་འཛིན་ཞུ་རྒྱུ་ཡིན། དེར་བརྟེན་གལ་ཆེའི་བསྒྲགས་གཏམ་དེ་དག་ཡིག་ཐོག་ཙམ་དུ་མ་ལྷག་པར་དངོས་སུ་ལག་བསྟར་ཡོང་ཆེད།  བོད་མིའི་སྒྲིག་འཛུགས་ཀྱིས་དེ་སྔོན་དགའ་བསུའི་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་བཅས།    ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༡༢ ཟླ ༡༡ ཚེས་ ༨ ལ།།