རྒྱལ་གཅེས་དཔའ་བོ་གསུམ་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་གཅིག་སྐུ་གཤེགས་པ་དང་། དགོན་སྡེ་ཆེ་ཁག་དག་ལ་དམ་དྲག་གཉའ་གནོན་ཚད་མེད་བྱས་དང་བྱེད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

ཕྱི་ལོ་༢༠༡༣  ཟླ༢ ཚེས་༢༤ བོད་ནང་གི་དགོང་མོ་ཆུ་ཚོད་ ༩ ཡས་མས་སུ། ༸རྗེ་ཙོང་ཁ་པ་རབ་ཏུ་བྱུང་བའི་གདན་ས། ཞྭ་སེར་བསྟན་པའི་ཆུ་མགོ་ཨ་མདོ་དཔལ་ལྡན་བྱ་ཁྱུང་དགོན་པའི་ནང་། རྒྱལ་གཅེས་དཔའ་བོ་ཕག་མོ་དོན་གྲུབ་ལགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་གནས་ཚུལ་དེ་བྱུང་མ་ཐག  ནང་མིས་ཤེས་རྟོགས་བྱུང་སྟེ།   ས་གནས་སུ་སླེབས་ཏེ་ཕ་མ་གཉིས་ཀྱིས་སྐད་ཤུགས་ཆེན་པོས་ངུ་སྐད་འདོན་བཞིན་པའི་གནས་ཚུལ་བརྒྱུད་ལམ་ཁག་ལ་ཐོན་ཡོད་པ་དང་།   བྱ་ཁྱུང་དགོན་པའི་དགེ་འདུན་པ་ཁག་ཅིག་གིས་ཁོང་ཟི་ལིང་སྨན་ཁང་དུ་འཁྲིད་ཡོད་འདུག   དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་དགོན་པའི་ནང་དུ་འབྱོར་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་འདུག་ཀྱང་བྱ་ཁྱུང་དགོན་པའི་དགེ་འདུན་པ་རྣམས་མཉམ་འཛོམས་ཀྱིས་སྨོན་ལམ་གསུངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཕག་མོ་དོན་གྲུབ་ལགས་ནི། བ་ཡན་”དཔའ་ལུང་རྫོང་” ཚྭ་ཕུག་ཡུལ་ཚོ་བྱ་ཁྱུང་དགོན་པའི་ཉེ་འཁྲིས་ས་དཀར་གོང་བ་སྡེ་བའི་མི་ཡིན་པ་དང་།  རང་ལོ་ ༢༡ ཡས་མས་ཡིན་ཞིང་། ཨ་མདོ་ས་ཁུལ་དུ་ལུགས་རྙིང་ཧོར་ཟླ་ ༡ ཚེས་ ༡༥  ཉིན།  དགེ་ལུགས་པའི་དགོན་སྡེ་མང་ཆེ་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་བཞིན་ཡོད་པ་དང་། མཚན་མོར་དགོན་པ་སོ་སོའི་ནང་མེ་ཏོག་གི་མཆོད་པ་བཤམས་ཏེ་མི་མང་ལ་མཇལ་ཁ་གཏོང་བའི་དུས་ཚོད་ལ་ཁེལ་ཡོད་འདུག

བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དགོན་པ།བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དགོན་པ།

བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དགོན་པ་ནི། ས་གླང་ཕྱི་ལོ་༡༣༤༩ ལོར་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་དགུང་གྲངས་ཞེ་གཅིག་ཐོག་ཕྱག་བཏབ་ཅིང་། བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དང་།  རྗེ་ཙོང་ཁ་པ་ཆེན་པོས་ཤེས་རབ་ཀྱི་ལྷ་འཇམ་པའི་དབྱངས་སྒྲུབ་གནས་ཀྱང་ཡིན་པ་སོགས་ཀྱིས། མདོ་སྨད་ཆོས་འབྱུང་སོགས་སུ་ལྷོ་རྒྱུད་གནས་ཀྱི་སྙིང་བོ་དང་། ཞྭ་སེར་བསྟན་པའི་འབྱུང་ཁུངས་ཞེས་བསྔགས་བརྗོད་གནང་ཡོད།


ཡང་།    ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༥ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ པ་ཙམ་ལ།  མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་དར་ཁོ་ཚང་གི་དྷཱི་ཕུ་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་གསང་བདག་ལགས་ཀྱིས་རྔ་པ་རྫོང་མཁར་གྱི་ལྷོ་ཕྱོགས་སུ་འགྲོ་སའི་གཞུང་ལམ་སྟེང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱས་འདུག    གནས་ཚུལ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ནས་ཁོང་གི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་རྔ་པའི་སྨན་ཁང་དུ་བཙན་ཁྱེར་བྱས་པ་དང་།   དེ་གར་ཡང་ཡུན་རིང་མ་བཞག་པར་ས་གནས་གཞན་ལ་ཁྱེར་འདུག སྐབས་དེར་ཁོང་གི་འདས་གསོན་གྱི་གནས་ཚུལ་དང་། རང་ལུས་མེར་བསྲེགས་སྐབས་འབོད་ཚིག་གང་ཞིག་བསྒྲགས་མིན། དེ་བཞིན་ནང་མིའི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གསལ་བོ་བྱུང་མེད། གནས་ཚུལ་དེ་བྱུང་མ་ཐག་རྔ་པའི་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་བྱས་འདུག་ཀྱང་། ཡུན་རིང་མ་སོང་བར་ཕྱིར་བསྡུ་བྱས་ཏེ་མངོན་གསལ་དོད་པོའི་དམ་དྲག་གི་གནས་སྟངས་མེད་པའི་རྣམ་པ་སྟོན་ཅི་ཐུབ་བྱས་ཡོད་འདུག

སྐུ་འབུམ་དགོན་པ།སྐུ་འབུམ་དགོན་པ།

དྷཱི་ཕུ་དགོན་པའི་མཚན་ཆ་ཚང་ལ་དྷཱི་ཕུ་དགོན་དགེ་ལེགས་གཏེར་མཛོད་གླིང་ཟེར་ཞིང་། དྷཱིཿཕུ་ཆོས་རྗེས་ཕྱག་བཏབ་པ་དང་། ཆོས་བརྒྱུད་ས་སྐྱ་པ་དང་། དེང་སྐབས་དགེ་འདུན་ཞལ་གྲངས་ ༥༠༠ ཙམ་ཡོད་ཅེས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་བཏང་ཡོད།


རྒྱལ་གཅེས་དཔའ་བོ་ཚེ་གཟུངས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་རྣམ་པ།རྒྱལ་གཅེས་དཔའ་བོ་ཚེ་གཟུངས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་རྣམ་པ།ཡང་།   ཕྱི་ལོ་༢༠༡༣ ཟླ༢ ཚེས་ ༢༥ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡།༣༠ ཙམ་ལ། མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ཁོངས་གཏོགས། ཆོས་འཁོར་སྡེ་བའི་རྒྱལ་གཅེས་དཔའ་བོ་ཚེ་གཟུངས་སྐྱབས་ལགས་ཀྱིས་ཤིས་ཚང་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་ཐང་ཆོས་རའི་ནང་།   རྒྱ་གཞུང་གི་ནོར་འཁྲུལ་མཁྲེགས་འཛིན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་འདུག

འདི་ཉིན་ལུགས་རྙིང་ཧོར་ཟླ་༡ཚེས་ ༡༦ ལ་ཁེལ་ཡོད་སྟབས། ཀླུ་ཆུ་ཤིས་ཚང་དགོན་གསར་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དུ། སྨོན་ལམ་ཆེན་མོའི་ཉིན་མཐའ་མ་སྟེ་བྱམས་པ་གླིང་སྐོར་སྐབས་ལ་ཁེལ་ཡོད་པ་དང་། ས་གནས་དེ་ཁུལ་གྱི་སྐྱ་སེར་ཧ་ཅང་མང་པོ་འདུ་འཛོམས་བྱུང་ཡོད་སྟབས། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་བྱུང་མ་ཐག་མི་མང་ཚོས་སྐུ་ཕུང་ལ་བདག་པོ་བརྒྱབ་སྟེ་རྒྱ་ལག་ཏུ་ཤོར་བཅུག་ཡོད་མི་འདུག

རྒྱལ་གཅེས་དཔའ་བོ་ཚེ་གཟུངས་སྐྱབས་ལགས་ནི།  མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ཁོངས་གཏོགས། ཆོས་འཁོར་སྡེ་བའི་མི་ཡིན་པ་དང་།  ཕ་མིང་ལ་ཚེ་རིང་དོན་གྲུབ་དང་མ་མིང་ལ་རྟ་མགྲིན་འཚོ་ཟེར་ཞིང་། ད་ལྟ་རང་ལོ་ ༢༧ ཡིན་འདུག ཁོང་ནི་དེ་སྔོན་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༩ ཉིན་ཤིས་ཚང་དགོན་པའི་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གཤེགས་པ་ཀླུ་ཆུ་ཤིས་ཚང་ཆོས་འཁོར་སྡེ་བའི་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ཀྱི་མ་སྤུན་གྱི་བུ་སྤུན་ཡིན་འདུག

རྒྱལ་གཅེས་དཔའ་བོ་ཚེ་གཟུངས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་རྣམ་པ།རྒྱལ་གཅེས་དཔའ་བོ་ཚེ་གཟུངས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་རྣམ་པ།

དེ་ལྟར་ན་ཕྱི་ལོ་ ༢༠༠༩ ནས་ ༢༠༡༣  ཟླ ༢ ཚེས ༢༥ བར་ང་ཚོས་ཤེས་རྟོགས་ར་འཕྲོད་བྱུང་བ་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྲངས་ ༡༠༧ དང་།   སྐུ་གཤེགས་པའི་མི་གྲངས་ ༨༩  ཆགས་ཡོད་པ་དང་། ད་དུང་གསལ་པོ་མ་ཆགས་པའི་རིགས་ཡོད་འདུག་པ་དང་།  དེ་བཞིན་རྒྱ་གཞུང་གི་དམ་དྲག་འོག་རྩ་བ་ནས་ཤེས་རྟོགས་བྱུང་མེད་པའི་རིགས་ཀྱང་ཡོད་སྲིད།  བོད་ནང་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་སྐབས་སུ་ཡང་།   རང་ལུས་མེར་བསྲེགས་ཀྱིས་ཞི་བའི་རྒོལ་ལངས་གཅིག་མཇུག་གཉིས་མཐུད་ཀྱིས་ད་ལྟའི་སྐབས་གྲངས་བརྒྱ་དང་བདུན་བརྒལ་ཡོད་རུང་།

རྒྱ་ནག་གཞུང་གིས་ད་དུང་ཡང་།  གཉའ་གནོན་དམ་དྲག་གི་སྲིད་བྱུས་འདྲ་མིན་འཆར་གཞི་དང་།  བཀོད་སྒྲིག་བྱས་ཏེ་རྫུན་འགེབས་ཀྱི་གཡོ་འཕྲུལ་འདྲ་མིན་ལག་བསྟར་བྱས་དང་བྱེད་བཞིན་པར་མ་ཟད།    བོད་ས་གང་སར་འཇིགས་སྐུལ་བཙན་གནོན་དང་།  བསུན་གཙེར་ཚད་མེད་བྱས་དང་བྱེད་བཞིན་པ་དང་། བོད་ཀྱི་དགོན་སྡེ་ཆེ་ཁག་དག་གི་སྲོལ་རྒྱུན་ཆོས་དད་རང་དབང་བཙན་ཕྲོགས་བྱས་དང་བྱེད་ཡོད།   དཔེར་ན། ཨ་མདོ་ཟི་ལིང་གི་ཉེ་འགྲམ་སྐུ་འབུམ་དགོན་པའི་ཆོ་འཕྲུལ་སྨོན་ལམ་སྐབས།  མཇལ་བ་ལས་ཉེན་རྟོག་དམག་མི་མང་བ་དང་།   ཨ་མདོ་ཀན་ལྷོ་བླ་བྲང་བསང་ཆུ་རྫོང་གི་ཉེ་འཁྲིས་སུ་ཡོད་པའི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་ཡང་། བླ་བྲང་དགོན་པ།བླ་བྲང་དགོན་པ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚེས་ ༡༠ ཉིན་ནས་བཟུང་ཚོགས་སྐབས།  ཕྱོགས་མཐའ་ཁག་གི་ཆོས་མཇལ་བ་ཁྲི་ཁྲག་ཁ་ཤས་བླ་བྲང་དགོན་པར་འཛོམ་བཞིན་ཡོད་པར། བསང་ཆུ་རྫོང་གི་དྲག་ཆས་དམག་མི་དང་ཉེན་རྟོག་པ་ ༢༠༠ ལྷག་གིས་མི་མང་དཀྱུས་མའི་ལྭ་བ་གྱོན་ཏེ། འགའ་རེ་ཚོང་པ་ཡིན་ཁུལ་དང་། འགའ་རེ་གསར་འགོད་པ་དང་།  པར་རྒྱག་མཁན་ཡིན་ཁུལ། ཡང་འགའ་རེ་ཆོས་མཇལ་བ་ཡིན་ཁུལ་བྱས་ནས་མི་མང་ནང་སིམ་འཛུལ་གྱིས་ལྟ་རྟོག་བྱེད་བྱས་ཡོད་པ་མ་ཟད། མི་སྣ་དོགས་གཞི་ཅན་དག་ལ་རྗེས་འདེད་གཏོང་བ་དང་།  དགོན་གྲོང་གཉིས་ཀྱི་ཟ་ཁང་དང་འགྲོན་ཁང་ཚང་མའི་ནང་ལྐོག་བརྙན་འཕྲུལ་ཆས་བཙུགས་ཡོད་པར་མ་ཟད། དགོན་པའི་གླིང་བར་དང་།  གྲོང་ཁྱེར་བཞི་མདོ་ཁག་ཏུའང་པར་ལེན་འཕྲུལ་ཆས་དང་།  བརྙན་ལེན་འཕྲུལ་ཆས་བཙུགས་ཡོད་འདུག དེ་བཞིན། གླ་གཏོང་རླངས་འཁོར་གྱི་བདག་པོ་ཚོས་རྒྱ་སྒོར་ ༢༠༠ རེ་སྤྲད་དེ་བརྙན་ལེན་འཕྲུལ་ཆས་ཉོས་ཏེ་སོ་སོའི་རླངས་འཁོར་ནང་འཛུགས་དགོས་པའི་བཙན་བཀའ་བཏང་ཡོད་འདུག་པ་དང་། བླ་བྲང་དཔོན་ཚང་སྲང་མགོ་དང་། མཆོད་རྟེན་དཀར་པོ། གུང་ཐང་ཟམ་ཁ། གོས་སྐུའི་ཐང་། མཐུན་བསྒྲིལ་ཟམ་ཁ། བོད་ཡིག་སློབ་འབྲིང་གི་མདུན་སོགས་ས་ཚིགས་ཁག་ ༣༠ ཙམ་ལ་བརྙན་ལེན་འཕྲུལ་ཆས་བཙུགས་ཡོད་འདུག  ཕྱི་ཚེས་ ༡༧ ཉིན་བསང་ཆུ་རྫོང་སྲིད་གཞུང་གིས་རྫོང་འོག་གི་ཡུལ་ཚོ་ཁག་སོ་སོར་བཀའ་རྒྱ་བཏང་སྟེ། བླ་བྲང་དགོན་པར་སྨོན་ལམ་ཆེན་མོར་སྐྱོད་མཁན་ཚོས་སྔོན་ལ་ཐོབ་ཐང་ལག་འཁྱེར་བཟུང་སྟེ་ཡུལ་ཚོ་སྲིད་གཞུང་ལ་ཐོ་འགོད་བྱེད་དགོས་པ་བསྒྲགས་ཡོད་འདུག

བླ་བྲང་དགོན་པ།བླ་བྲང་དགོན་པ།

ཕྱི་ཚེས་ ༢༠ ཉིན་བརྡ་ཁྱབ་གསར་པ་ཞིག་བསྒྲགས་ཏེ། ད་ནས་བཟུང་མི་སུ་ཞིག་གིས་རང་བསྲེགས་བྱས་ཚེ་བཙོན་འཇུག་བྱེད་རྒྱུ་དང་། ཤི་ཚར་བ་རྣམས་ཀྱི་བེམ་པོ་ནང་མིར་སྤྲོད་རྒྱུ་མིན་པར་མེར་བསྲེགས་གཏོང་རྒྱུ་ཡིན་ཞེས་བཀོད་ཡོད་འདུག (བླ་བྲང་དགོན་པ་ནི།  དུས་རབས་བཅོ་བརྒྱད་པའམ་ཕྱི་ལོ་༡༧༠༩ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་ཀྱིས་དགུང་ལོ་རེ་དྲུག་བཞེས་པའི་ཐོག་ད་ལྟའི་བསང་ཆུ་རྫོང་དུ་འབོད་པའི་ས་གནས་སུ་ཕྱག་བཏབ་ཅིང་། དགོན་པ་དེར་ཐོས་བསམ་གླིང་།  རྒྱུད་སྨད་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་། ཀྱེེ་རྡོར་གྲྭ་ཚང་། རྒྱུད་སྟོད་པ་གྲྭ་ཚང་བཅས་གྲྭ་ཚང་དྲུག་ཡོད)


རེབ་གོང་ཆོ་འཕྲུལ་སྨོན་ལམ།རེབ་གོང་ཆོ་འཕྲུལ་སྨོན་ལམ།

ཡང་།  རྨ་ལྷོ་ཁུལ་རེབ་གོང་རོང་བོ་དགོན་ཆེན་གྱི་སྨོན་ལམ་ཆེན་མོའི་སྐབས། རྒྱ་གཞུང་གི་དོ་དམ་ཤུགས་ཆེན་བྱས་ཡོད་པ་དང་། མི་མང་ནང་དཔུང་རྟགས་དམར་པོ་ཅན་བསྐོ་བཞག་གིས་རང་ལུས་མེར་བསྲེགས་དང་ཆབ་སྲིད་ཀྱི་ལས་འགུལ་རིགས་ལ་དོགས་ཟོན་དང་ལྐོག་ནས་སོ་ལྟ་བྱས་ཡོད་འདུག

རེབ་གོང་ཆོ་འཕྲུལ་སྨོན་ལམ་ལ་དམ་དྲགརེབ་གོང་ཆོ་འཕྲུལ་སྨོན་ལམ་ལ་དམ་དྲགཕྱི་ཚེས་ ༢༠ ཉིན་ནས་བཟུང་རེབ་གོང་དུ་སྨོན་ལམ་ཆེན་མོ་འཚོགས་ཡོད་པ་དང་། ཉིན་འགའི་སྔོན་ནས་རེབ་གོང་ཁུལ་དུ་རྒྱ་དམག་ཕོན་ཆེན་འབྱོར་ཏེ། རོང་བོ་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དང་།  སྐོར་ལམ་ཁག   མི་མང་འདུ་འཛོམ་བྱེད་སའི་སུམ་མདོ་དང་ཟམ་ཁ་སོགས་སུ། དམག་མི་མང་པོའི་ལག་ཏུ་དེང་དུས་ཀྱི་གོ་མཚོན་སྣ་ཚོགས་དང་། མེ་གསོད་ཡོ་ཆས་འདྲ་མིརེབ་གོང་ཆོ་འཕྲུལ་སྨོན་ལམ་ལ་དམ་དྲགརེབ་གོང་ཆོ་འཕྲུལ་སྨོན་ལམ་ལ་དམ་དྲགན་བཟུང་སྟེ་ཉིན་མཚན་གཉིས་ཀར་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། སྲང་ལམ་ཁག་ཏུ་དམག་མིའི་རླངས་འཁོར་མང་པོ་སྐོར་བསྐྱོད་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་རང་ལུས་མེར་བསྲེགས་སྐོར་ཀྱི་དྲིལ་བསྒྲགས་ཡིག་ཆ་སྣ་ཚོགས་སྐད་ཤུགས་ཆེན་པོས་བསྒྲགས་ཏེ། ཆོས་མཇལ་བ་ཚོར་སུན་གཙེར་དང་འཇིགས་སྣང་ཆེན་པོ་བསྐུལ་ཏེ་བོད་པའི་རྒྱུན་ལྡན་གྱི་བསམ་བློ་དང་འཚོ་བ་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད།   ལོ་སར་མ་སླེབ་སྔོན་ཙམ་ནས། ས་གནས་ཀྱི་གུང་ཁྲན་ཏང་ཡོན་དང་། གཞུང་གི་སྐྱོབ་གསོ་རག་མཁན། དེ་མིན་སྡེ་བ་རེའི་མི་ ༣༠ ཙམ་རེ་ལ་རྒྱན་བརྒྱབ་སྟེ་དཔུང་རྟགས་དམར་བོ་འདོགས་བཅུག་ཡོད་པ་དང་། དཔུང་རྟགས་དམར་བོ་བཏགས་ཏེ།

མི་རིགས་ཁ་བྲལ་དང་རང་བསྲེགས་བྱ་སྤྱོད། ཆབ་སྲིད་ཕྱོགས་གཏོགས་ཀྱི་སྐད་ཆ་འདྲ་མིན་ཐོས་ཚེ་ཡར་ཞུ་བྱ་རྒྱུའི་ལས་འགུལ་སྤེལ་ཡོད།  དེར་མ་ཟད།  ཚོང་ཁང་དང་ཟ་ཁང་ཡོད་དོ་ཅོག་ནས་མི་གཅིག་རེ་ཡིས་ངེས་པར་དུ་དཔུང་རྟགས་དམར་བོ་འདོགས་དགོས་ཤིང་། གལ་ཏེ་མ་བཏགས་ཚེ་མ་འོངས་པར་ཚོང་ཁང་དང་། ཟ་ཁང་རིགས་གཉེར་མི་ཆོག་པར་མ་ཟད། དེའི་སྟེང་དུ་ཉེས་ཁྲིམས་གཅོད་རྒྱུའི་འཇིགས་སྐུལ་བྱས་ཡོད། (རེབ་གོང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི། རེབ་གོང་༸སྐྱབས་མགོན་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོས་རོང་བོ་ནང་སོ་ངག་དབང་བསོད་ནམས་དང་བཀའ་བགྲོས་མཛད་དེ། རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་ལོར་ཕྱི་ལོ་ ༡༧༣༢ ལོར་གསར་དུ་བཙུགས་ཏེ། ད་ལྟའི་བར་ལོ་ངོ་ཉིས་བརྒྱ་སུམ་ཅུ་ལྷག་རིང་མ་ཉམས་པར་རྒྱུན་མཐུད་པ་ཞིག་ཡིན་འདུག)

རེབ་གོང་ཆོ་འཕྲུལ་སྨོན་ལམ་ལ་དམ་དྲགརེབ་གོང་ཆོ་འཕྲུལ་སྨོན་ལམ་ལ་དམ་དྲག

རེབ་གོང་ཆོ་འཕྲུལ་སྨོན་ལམ་ལ་དམ་དྲགརེབ་གོང་ཆོ་འཕྲུལ་སྨོན་ལམ་ལ་དམ་དྲག

ཕྱི་ཟླ་ ༢ པའི་ཚེས་ ༢༠ ཉིན།  ཕ་ཡུལ་སི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་དགོན་པའི་གྲྭ་བཙུན་ ༢༥ རེབ་གོང་ལ་མཇལ་སྐོར་དུ་ཡོང་སྟེ། འགྲོན་ཁང་དུ་སྡོད་སྐབས་ཉེན་རྟོག་པ་སྐོར་ཞིག་གིས་འགྲོན་ནང་སྡོད་མ་བཅུག་པར་མཚན་གུང་ཆུ་ཚོད་ ༡༡ ཙམ་ལ་ཕྱིར་ཟི་ལིང་ལ་མི་ལོག་ཐབས་མེད་བྱུང་ཡོད་འདུག་པ་སོགས་གང་ལྟར་བོད་ནང་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་བདེན་དོན་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་གནང་སྟེ།” ༸ རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་པ་དང་།  བོད་ལ་རང་དབང་རང་དབང་དགོས་”ཞེས་འབོད་སྒྲ་སྒྲོག་བཞིན་ཡོད་པས།   རྒྱལ་སྤྱིའི་སྲིད་གཞུང་ཁག་དང་།  ཚོགས་སྡེ་ཁག གསར་འགོད་པ། ཉམས་ཞིབ་པ། མཁས་དབང་། སྤྱི་ཚོགས་ལས་འགུལ་བ། མང་གཙོ་དོན་གཉེར་བ་སོགས་ཚང་མས། བོད་ཕྱི་ནང་གཉིས་ནང་རང་ལུས་མེར་བསྲེགས་གནང་བཞིན་པ་འདིའི་དགོས་འདུན་དང་།  རྒྱབ་ལྗོངས། རྒྱ་ནག་གཞུང་ཕྱོགས་ནས་འགྲེལ་བརྗོད་བྱེད་བཞིན་པ་དེ་དག་དངོས་ཡོད་ཡིན་མིན་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཏེ། བདེན་པ་ལ་རྒྱབ་སྐྱོར་དང་རྫུན་མ་ལ་ཐེར་འདོན་ངེས་པར་དུ་བྱེད་དགོས་ཞེས་ཞུ་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༣ ཟླ་༢ ཚེས་༢༦ཉིན།།

Menu