རྒྱ་གར་ RSS ཚོགས་པའི་འབྲེལ་མཐུད་འགན་འཛིན་གཙོ་བོ་དང་། BBC གནས་ཚུལ་དཔྱད་ཞིབ་པ་གཉིས་སྤྱི་ལྷན་དུ་ཕེབས་པ།

img_5436

 

ད་རིང་ཉིན་གྱི་ཆུ་ཚོད་ ༡༢།༣༠ ཐོག་རྒྱ་གར་རྒྱལ་ཡོངས་ RSS འབྲེལ་མཐུད་འགན་འཛིན་གཙོ་བོ་སྐུ་ཞབས་ Addit Charam Dutt མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཆེས་མཐོའི་འཚམས་འདྲིའི་མཇལ་དར་དང་སྤྱི་ལྷན་གྱི་ཕྱག་རྟགས་ཕུལ་གནང་མཛད་དེ། བོད་པའི་གནད་དོན་ཐོག་ཕན་ཚུན་བཀའ་མོལ་གནང་སྐབས་སྐུ་ཞབས་ Addit Charam Dutt ལགས་ནས་སྔར་ཀ་རྡོ་སྒང་གསུམ་ས་ཁུལ་དུ་ཡོད་པའི་བོད་མི་ཚོ་དང་མཐུག་འཕྲད་བྱུང་ནས་བོད་མིའི་གནས་བབ་རྒྱུས་ལོན་གནང་ཡོད་པ་མ་ཟད། ཁོང་གི་ཧིན་སྐད་ཐོག་རྒྱ་གར་ལ་རྒྱ་མིིིའི་ཉེན་ཁ་ཇི་ཡོད་ཀྱི་ཕྱག་དེབ་ཚོགས་གཞོན་མཆོག་ལ་ཕུལ་ནས་བོད་མི་ཚོའི་ལ་རྒྱ་ནི་ཧ་ཅང་གི་ཟབ་པོ་ཡིན་པའི་ཚོར་བ་བྱུང་བ་རྣམས་དང་། མ་འོངས་བོད་པའི་རྩ་དོན་གྱི་ཐོག་ལས་དོན་བྱེད་ཕྱོགས་སོགས་ཚོགས་གཞོན་མཆོག་ལ་ལམ་སྟོན་གནང་ཡོད། ཚོགས་གཞོན་མཆོག་ནས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ནས་ད་བར་བོད་པའི་རྩ་དོན་དང་འབྲེལ་བའི་ལས་འགུལ་གནང་བ་ཁག་ཅིག་འགྲེལ་བརྗོད་གནང་། སྐུ་ཞབས་ Addit Charam Dutt མཆོག་ནས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུ་དང་། ཚོགས་པའི་ངོས་ནས་ཀྱང་ཐབས་ཇུས་ལྡན་པའི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུ་ཞལ་བཞེས་གནང་ཡོད། ཁོང་ནི་ RSS སྒྲིག་འཛུགས་དེའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲེལ་མཐུད་པ་གཙོ་བོ་ཡིན་སྟབས་ཁས་ལེན་དམ་བཅའ་ཞུས་གནང་མཛད་སོང་། དེ་ནས་ཁོང་གྲོས་ཚོགས་ཚོགས་ཁང་དུ་གཟིགས་སྐོར་སྣེ་ལེན་གནང་ཡོད་པ་རེད། དེ་རྗེས་ཉིན་རྒྱབ་ཆུ་ཚོད་ ༢།༠༠ པ་ཙམ་ལ་ BBC གནས་ཚུལ་དཔྱད་ཞིབ་པ་སྐུ་ཞབས་ Hemant མཆོག་ཆེད་དུ་སྤྱི་ལྷན་ཕེབས་ནས་དཔལ་ལྡན་ཚོགས་གཞོན་མཆོག་ལ་མཇལ་འཕྲད་ཞུས་ཏེ། བོད་པའི་ཆབ་སྲིད་ཀྱི་གནས་བབ་ཐོག་བཀའ་འདྲི་དང་། ཕན་ཚུན་བགྲོ་གླེང་གནང་ཡོད། ཚོགས་གཞོན་མཆོག་ནས་ཁོང་གི་མ་འོངས་པའི་དཔྱད་ཞིབ་ཆེད་དུ་ཆབ་སྲིད་དང་འབྲེལ་བའི་ཕྱག་དེབ་ཁག་ཕུལ་གནང་ཡོད་པའི་གནས་ཚུལ་དུ།།

Menu