རྒྱ་གར་ I.A.S སྦྱོང་བརྡར་བ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་དུ་ཕེབས་པ།

རྐང་རའི་རྫོང་དཔོན་ལས་འཕར་གྱིས་གོ་སྒྲིག་ལྟར། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༤ རེས་གཟའ་ཉི་མ་ཉིན་རྡ་རམ་ས་ལའི་ས་གནས་འགོ་འཛིན་དང་ལྷན་དུ་རྒྱ་གར་གྱི་ I.A.S སྦྱོང་བརྡར་བ་སློབ་ཕྲུག་ ༡༨ བོད་མི་མང???????????????????????????????་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ལ་ཕེབས་ཡོད་པ་རེད།

དེ་ཡང་རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༡༡ །༣༠ ཐོག་སྤྱི་འཐུས་ལྷན་ཁང་དམིགས་སྒོ་ཕྱེ་སྟེ་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ I.A.S སྦྱོང་བརྡར་བ་རྣམས་ལ་སྣེ་ལེན་མཇལ་དར་ཕུལ་ཏེ་འཚམས་འདྲི་ཞུས་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཁང་དང་། གྲོས་ཚོགས་ཀྱི་ཚོགས་ཁང་དུ་གཟིགས་སྐོར་དུ་འཁྲིད་གནང་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་གྲོས་ཚོགས་འཚོགས་སྐབས་ཀྱི་ལས་རིམ་གྱི་སྙིང་དོན་སོགས་ངོ་སྤྲོད་གནང་། དེ་ནས་ཁོང་རྣམས་ཀྱིས་དྭོགས་འདྲི་ཞུས་པ་ཁག་ལ་བཀའ་ལན་ཞིབ་གསལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།???????????????????????????????

Menu