རྒྱ་གར་མངའ་སྡེ་ཁག་འགའ་ཤས་ཀྱི་མཐོ་སློབ་ནས་ཡིན་པའི་སློབ་ཕྲུག་སྤྱི་ལྷན་དུ་གཟིགས་སྐོར་ཕེབས་པ།

IMG_2585
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཀུན་ཕན་བདེ་རྩ་ནས་གོ་སྒྲིག་གནང་བ་ལྟར་རྒྱ་གར་མངའ་སྡེ་འདྲ་མིན་ནས་ཡིན་པའི་མཐོ་སློབ་ཁག་གི་སློབ་ཕྲུག་རྡ་རམ་སར་གནས་འཁོད་བོད་མིའི་སྒྲིག་འཛུགས་གཙོས་དགོན་སྡེ་ཁག་དང་། ལག་ཤེས་སྦྱོང་བརྡར་ཁང་སོགས་ལ་གཟིགས་སྐོར་ཕེབས་རྒྱུའི་གོ་སྒྲིག་གནང་ལམ་ཡོད་པ་ལྟར། ད་ལོ་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༤ ནས་ ༢༧ བར་སློབ་ཕྲུག་སུམ་ཅུ་ཙམ་ཕེབས་ཡོད་པས་ཕྱི་ཚེས་ ༢༠ ཉིན་རྒྱབ་ཆུ་ཚོད་ ༢།༡༥ ཐོག་བོད་མི་མང་སྤྱི་ལྷན་དུ་གཟིགས་སྐོར་དུ་ཕེབས་ཡོད་པ་བཞིན་ཁོང་ཚོར་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་དང་འབྲེལ་མང་གཙོའི་ལམ་སྲོལ་ཐོག་འགྲོ་བཞིན་པའི་སྐོར་འགྲེལ་བཤད་བསྐྱོན་གནང་ཡོད་པ་མ་ཟད། མཇུག་ཏུ་སློབ་ཕྲུག་རྣམས་ཀྱིས་གནད་དོན་གང་ཅིའི་ཐོག་འདྲི་བ་འདྲ་མིན་ཞུས་པར་བཀའ་ལན་གནང་བ་བཅས་ལ་ཆུ་ཚོད་གཅིག་ཙམ་འགོར་ཡོད་པའི་གནས་ཚུལ་དུ།།