༄༅། ། སྐབས་ ༡༧ པའི་བོད་མི་མང་སྤྱི་ འཐུས་རྣམ་པ་ས་གནས་སོ་སོའི་མི་ མང་གི་བདེ་སྡུག་གཟིགས་ཞིབ་སླད། ས་བགོས་ཕྱོགས་སྐྱོད་ཀྱི་ལས་རིམ་ ཡོད་པ་ལྟར། བོད་མི་མང་སྤྱི་འཐུ ས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་ འཐུས་ཀུན་དགའ་བསོད་སྟོབས་མཆོག་ རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་༩ ཚེ ས་ ༢༩ ཉིན་རྒྱ་གར་བྱང་ཤར་ཨ་རུ་ ན་ཅལ་མངའ་ཁོངས་བསྟན་འཛིན་སྒང་ས་ གནས་སུ་ཕེབས་འབྱོར་བྱུང་ཡོད་པ་ དང་། སྐབས་དེར་བསྟན་སྒང་ས་གནས་ འགོ་འཛིན་དང་། ལས་དྲུང་། རྩིས་པ། གསང་ཆེན་བསྟ ན་པའི་འབྱུང་གནས་དཔལ་ལྡན་རྒྱུད་ སྟོད་གྲྭ་ཚང་གི་ཕྱག་མཛོད། བསྟན་ སྒང་ས་འཐུས་ཚོགས་གཙོ། ས་གནས་ མཉམ་འབྲེལ། ས་གནས་འཕྲོད་བསྟེན་ ལས་བྱེད། ས་གནས་སམ་བྷོ་ཊཱའི་སློ བ་སྤྱི། ས་གནས་སྤྱི་མི་བཅས་ནས་ ཕེབས་བསུའི་སྣེ་ལེན་གནང་།
ཕྱི་ཚེས་ ༣༠ ཞོགས་པ་དཔལ་ལྡན་རྒྱུ ད་སྟོད་གྲྭ་ཚང་དུ་མཆོད་མཇལ་དང་། དེ་རྗེས་བསྟན་འཛིན་སྒང་ས་གནས་ ཀྱི་གནད་ཡོད་མི་སྣ་ཁག་དང་སྤྱི་ མི་རྣམ་པ། ས་གནས་མི་མང་རྣམ་པ་ དང་ལྷན་ཚོགས་འདུ་འཚོགས་ཤིང་། ཚོ གས་འདུའི་ཐོག་ས་གནས་འགོ་འཛིན་གྱི ་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ དང་། སྤྱི་འཐུས་རྣམ་གཉིས་ནས་༸གོ ང་ས་མཆོག་གི་མཛད་འཕྲིན་དང་། བོ ད་ནང་གི་ཛ་དྲག་གནས་སྟངས། རྒྱལ་ སྤྱིའི་ཐོག་བོད་དོན་ཞུ་གཏུགས་སྐོ ར། བོད་མི་མང་སྤྱི་འཐུས་ལྷན་ཚོ གས་ཀྱི་གྲོས་ཚོགས་སྔ་རྗེས་ཀྱི་ གྲོས་ཆོད་ཁག་བཅས་ཀྱི་སྐོར་བཅས་ གཏམ་བཤད་གནང་། མཇུག་ཏུ་མི་མང་གི ་དྲི་བ་ཁག་ལ་ལན་འདེབས་གནང་། དེ་ བཞིན་ས་གནས་འཐུས་ཚོགས་ཀྱི་ཚོགས་ ཁང་། ས་གནས་འགོ་འཛིན་ལས་ཁུངས། ས ་གནས་མཉམ་འབྲེལ་བཅས་སུ་ཆེད་བཅར་གྱི ས་ས་གནས་ཀྱི་གནས་སྟངས་ལ་རྒྱུས་ ལོན་གནང་།ཉིན་རྒྱབ་བསྟན་འཛིན་སྒ ང་སམ་བྷོ་ཊའི་གཞི་རིམ་བར་མའི་སློ བ་གྲྭ་དང་། ས་གནས་བོད་མིའི་གཞི ས་ཀེམ་ཁག་ལ་གཟིགས་ཞིབ་གནང་སྟེ་ ཐེངས་འདིའི་ས་གནས་བསྟན་འཛིན་སྒ ང་དུ་གཞུང་འབྲེལ་ཕྱོགས་སྐྱོད་ཀྱི ་ལས་དོན་ལེགས་འགྲུབ་བྱུང་ཡོད་པ་ བཅས།།