རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།

རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།
རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།

དེ་ཡང་སྦན་རྡ་ར་ནོར་རྒྱས་གླིང་གི་ས་གནས་འགོ་འཛིན་ལས་ཁུངས་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་ཁྲིད་པའི་རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ཨོ་རི་ས་རྫོང་ཁོངས་ཀྱི་ཕུན་ཚོགས་གླིང་གཞིས་ཆགས་ནས་ཐོན་ཏེ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༨ ཉིན་ཚོུད་ ༢།༣༠ ཙམ་ལ་གྷོན་ཌིཨ་རྫོང་ཁོངས་ཀྱི་ཨར་ཇུ་ནི་མོར་གོཨྣ་ས་ཁུལ་ཏུ་ཡོད་པའི་རྫོང་གྱི་ལས་ཁུངས་བདུན་དུ་འབྱོར་ཡོད། དེའི་ཉིན་ས་གནས་བོད་མི་རྣམས་ཚོུད་ ༡༢།༠༠ ཙམ་ནས་བདེན་པའི་མེ་ལྕེར་སྣེ་བསུ་ཆེད་བང་བསྒྲིགས་ནས་བཞུགས་ཡོད་འདུག

རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།

མཛད་སྒོའི་ཐོག་མར་ས་གནས་འཐུས་མི་རྣམས་ནས་ཧིན་བོད་གཉིས་ཀྱི་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་། བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས། མཛད་སྒོའི་སྐུ་མགྲོན་གཙོ་བོ་ Shri. P.K Kshrisagar, Executive Magistrate མཆོག་ནས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་བ་དང་ཁོང་གི་གནད་དོན་དེའི་ཐོག་འབྲེལ་ཡོད་གོང་མ་རྣམས་ལ་ཞུ་གཏུག་བྱ་རྒྱུའི་ཞལ་བཞེས་གནང་ཡོད། ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་དང། NTSO ཞེས་པའི་ཚོགས་པའི་ལས་བྱེད་རྣམས་གཉིས་ནས་ཧིན་དབྱིན་གཉིས་ཀྱི་གསར་འགོད་བསྒྲགས་གཏམ་སྒྲོགས་བྱང་གནང་བ་དང། དེའི་རྗེས་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་འགོ་བཙུགས་ནས་མི་མང་ ༤༠༠། ལྷག་འདུ་འཛོམས་ཀྱིས་བདེན་པའི་མེ་ལྕེ་རྫོང་གྱི་ལས་ཁུངས་ནས་མོར་གོཨྣ་བར་སྐོར་བསྐྱོད་སྒྲུབ་ཡོད་པ་རེད།
དགོང་དྲོ་ཚོུད་ ༣།༣༠ ཙམ་ལ་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་གནང་ཡོད། དེར་ས་གནས་གཏན་སློབ་ཀྱི་རོལ་ཆའི་རུ་ཁག་དང་ས་གནས་བོད་མི་དང་རྒྱ་གར་མི་མང་བཅས་ནས་སྣེ་བསུ་གྲ་རྒྱས་པར་ཞུས།
ཚོུད་ ༤།༠༠ པའི་ཐོག་ NTSO ཚོགས་པས་གྲ་སྒྲིག་གནང་བའི་མཛད་སྒོའི་ནང་ཐོག་མར་ཧིན་བོད་གཉིས་ཀྱི་རྒྱལ་ཁབ་ཆེན་པའི་རྒྱལ་གླུ་འབུལ་ལམ་ཞུས་པ་དང། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཕུན་ཚོགས་ཐུབ་བསྟན་ལགས་ནས་བདེན་པའི་མེ་ལྕེའི་དམིགས་ཡུལ་དང་དགོས་ཕན་སོགས་ཀྱི་སྐོར་ལ་གསུང་བཤང་གནང་བ་དང། དཔའ་བོ་དྲན་རྟེན་རྡོ་རིང་གི་མདུན་དུ་སྨོན་ལམ་འདོན་གནང་ནས་དེའི་ཉིན་གྱི་ལས་འགུལ་ཞི་བའི་ངང་འཇུག་སྒྲིལ།
རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།ཕྱི་ཚེས་ ༢༩ ཉིན་བདེན་པའི་མེ་ལྕེ་སྦན་རྡ་ར་དུ་སྐོར་བསྐྱོད་གནང་ནས་ཧིན་བོད་མཛའ་འབྲེལ་ཚོགས་པ་(Bharat Tibbat Sayog Manch) དང་ (Bharat Tibbat Mitra Sangh) གཉིས་ནས་ལལ་བྷ་ཧ་དུར་མཐོ་སློབ་ནང་སྣེ་བསུ་ཞུས་པ་དང། དེར་ཁོང་རྣམས་ནས་བོད་དོན་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་དང་བདེན་པའི་མེ་ལྕེའི་ལས་འགུལ་གྱི་དགོས་དམིགས་དང་ཕྱི་ལོ་ ༢༠༠༨ ནས་ད་བར་བོད་ནང་གྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་དང་དེའི་རྐྱེན་གྱིས་བོད་ནང་མི་གྲངས་ ༥༡ ལྷག་གི་རང་ལུས་མེར་བསྲེགས་གནང་བ་སོགས་གསལ་བཤད་གནང་ཡོད།
ཚོུད་ ༡༡།༣༠ ཐོག་བདེན་པའི་མེ་ལྕེ་སྦན་རྡ་ར་རྒྱ་གར་ས་གནས་ལས་ཁུངས་སུ་འབྱོར། དེའི་འགན་འཛིན་ (Shri. Madhubau Kukre) ནས་བདེན་པའི་མེ་ལྕེ་བསྣམས་ནས་ལས་ཁུངས་ཀྱི་ཚོགས་ཁང་ནང་སྐོར་བསྐྱོད་གནང། དེའི་རྗེས་ (Shri. Nanabhau Patole (M.L.A, Sakoli), advocates Shri. Vasant Enchilware, former M.L.A Shri. Madhubau Kukre, Shri. Ram Chachere (President of RSS, Bhandara), Shri. Sanjay Ekapure (Chairman of Vishu Hindu Parishad), Shri. Jia Patel (President of Congress party, Bhandara), Shri. Vijay B. Khandera (District Journalist, Navbharat), members of regional women association, Bhandara, Shri. Avinash Sakere (President of Bharat Tibbat Sayog Manch, Bhandara) with members.
ཁོང་རྣམས་ནས་བོད་དོན་རྒྱབ་སྐྱོར་ཐད་མཚན་རྟགས་བཀོད་གནང་ཡོད་པ་རེད། རྒྱ་བོད་མཛའ་འབྲེལ་ཚོགས་པ་ཁག་སྐུ་ཚབ་ Hon. Depy Mayor, Shri Sandeep Jadev, Shri. Rajesh Roya, Mrs. Mandana Chief Executive Officer, Shri. Prakash Kunbhe རྣམས་ནས་བདེན་པའི་མེ་ལྕེར་སྣེ་བསུ་གཟབ་རྒྱས་ཞུས་པ་དང་བོད་དོན་རྒྱབ་སྐྱོར་མཚོན་ཆེད་མཚན་རྟགས་བཀོད་གནང་ཡོད་པ་རེད།

རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་བ།

བདེན་པའི་མེ་ལྕེ་སྐོར་བསྐྱོད་མང་གཙོ་རིང་ལུགས་ཀྱི་ལས་ཁུངས་ (People’s Democratic Movement Office) མཚམས་འཇོག་གནང་ནས་ཕྱི་ཚེས་ ༣༠ ཉིན་ཝར་རྡ་ཞེས་པའི་ས་གནས་སུ་སྐོར་བསྐྱོད་དང་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་གནང་རྒྱུ་ཡིན་པ་དང་དེའི་རྗེས་རན་ཅི་ (Ranchi) ས་གནས་སུ་བརྒྱུད་སྤྲོད་གནང་རྒྱུ་རེད་འདུག།

Menu