རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ་དེ་བཞིན་སྒང་ཏོག་ནས་འགོ་འཛུགས་ཀྱིས་འབྲས་ལྗོངས་མངའ་སྡེའི་ཆབ་སྲིད་དབུ་ཁྲིད་དང་གཞུང་ཞབས་ཁག་མཇལ་འཕྲད་ཞུས་པ།

མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀེ་ཀྲི་ རྒྱལ་མཚན་མཆོག་གི་ལྷན།མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀེ་ཀྲི་ རྒྱལ་མཚན་མཆོག་གི་ལྷན།

བོད་དུ་རང་ལུས་མེར་སྲེག་གི་ལས་འགུལ་བསྟུད་མར་འགྲོ་བཞིན་པའི་ཛ་དྲག་གི་གནས་ཚུལ་ལ་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་ཞུ་གཏུག་ལས་འགུལ་སྤེལ་བ་ལྟར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ་དེ་བཞིན་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་ཕྱི་ལོ་ ༢༠༡༣ ཟླ་  ཚེས་  ཉིན་འགོ་འཛུགས་ཀྱིས་ཕྱི་ཚེས་  ཉིན་མཇུག་བསྒྲིལ་ཞུས་འདུག

འབྲས་ལྗོངས་མངའ་སྡེ་ནིི་བོད་དང་ས་འདྲེས་ཡིན་ཞིང། ཕྱི་ལོ་ ༢༠༠༦ལོར་རྒྱ་གར་དང་བོད་ཀྱི་ས་མཚམས་གནའ་ཐོད་ལ་ས་མཚམས་སྒོ་དབྱེ་གནང་ཡོད་པ་དང། རྒྱ་གར་དང་རྒྱ་ནག་དབར་ཚོང་འབྲེལ་གྱི་ཆིངས་ཡིག་དུ་མ་བཞག་པ་ལྟར་ཚོང་འབྲེལ་ཤུགས་ཆེ་གནང་དང་གནང་བཞིན་ཡོད།

དེ་ལྟའི་ས་གནས་སུ་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་སྤེལ་མཁན་སྤྱི་འཐུས་གསུམ་ནས་ཕྱི་ལོ་ ༢༠༡༣ ཟླ་  ཚེས་  ནས་ཕྱི་ཚེས་ བར་མངའ་སྡེ་དེའི་དབུ་ཁྲིད་དང་གཞུང་ཞབས་གནད་ཡོད་དེ་དག་མཇལ་འཕྲད་གནང་ཡོད་པ་རེད། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀེ་ཀྲི་

རྒྱལ་མཚན་མཆོག་དང། (Speaker of the Legislative Assembly- Shri K.T.Gyaltsen)  ཚོགས་གཞོན་སྐུ་ཞབས་ཨེམ་སྦི་དྷ་ཧལ་མཆོག་ (DeputySpeaker-ShriM.B.Dahal) ཤེས་རིག་བློན་ཆེན་སྐུ་ཞབས་ཨེན་ཀེ་པྲ་དཱན་མཆོག(Shri N.K. Pradhan, Education Minister)  ནུས་ཤུགས་བློན་ཆེན་སྐུ་ཞབས་བསོད་ནམས་རྒྱ་མཚོ་མཆོག (Shri Sonam Gyatso,Power Minister) ཆུའི་སྲུང་སྐྱོབ་དང་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ཀྲི་ཚེ་རིང་བྷོཊི་ཡ་མཆོག (Shri T.Tshering Bhutia,Water Security and Transport Minister)   ཞིང་ཆུའི་བློན་ཆེན་སྐུ་ཞབས་ཟླའོ་ཆུ་ལེབ་ཆ་མཆོག(Shri Dawcho Lepcha (Irrigation) ཤིང་ནགས་དང་ཡུལ་སྐོར་སྤྲོ་འཆམ་བློོན་ཆེན་སྐུ་ཞབས་བྷིམ་པྲ་སཱད་དྷུང་གལ་མཆོག (Shri Bhim Prasad Dhungel,Forest and Tourism)  ཟ་མ་དང་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཌི་ཨེན་ཐ་ཀར་པ་མཆོག (Shri D. N. Thakarpa (Food and Health)

གསར་འགོད་ལྷན་ཚོགས་སྐབས་ཀྱི་འདྲ་པར།གསར་འགོད་ལྷན་ཚོགས་སྐབས་ཀྱི་འདྲ་པར།

མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རྡོ་རྗེ་རྣམ་རྒྱལ་མཆོག (Member of Legislative Assembly- Shri Dorjee Namgyal) སི་ཀིམ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ལྷ་ལྕམ་རིན་ཆེན་དབང་མོ་མཆོག (Chief Secretary- Smt. Rinchen Ongmu) བཅས་མཇལ་བར་ཁོང་རྣམས་ནས་ཞལ་གཅིག་གྲགས་སུ་གསུངས་དོན་ལ། སི་ཀིམ་དང་བོད་གཉིས་ནི་ལོ་རྒྱུས་དང་རིག་གཞུང་གཅིག་འགྱུར་ཡིན་པ་དང། བོད་ནང་ཛ་དྲག་གི་གནད་དོན་ཐད་ག་དུས་ཡིན་ནའང་གདུང་སེམས་མཉམ་སྐྱེ་དང་བོད་དོན་གྱི་ལས་འགུལ་ལ་ག་དུས་ཡིན་ནའང་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་དང་། མངའ་སྡེའི་གཞུང་གི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་ཁྱེད་རང་ཚོས་གང་དག་ཞུས་པ་གོང་རིམ་ལ་གནས་ཚུལ་ཆ་ཚང་ཞུ་རྒྱུ་ཡིན་པའི་ཞལ་བཞེས་གནངའདུག

གཞན་ཡང་དབུས་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པི་ཌི་རཱ་ཡེ་ (Shri P.D. Rai, M.P. Lok Sabha) དང་མངའ་སྡེའི་གཞུང་གཞུང་འཛིན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེསེ་ཀེ་པྲ་དཱན་ (Shri S.K.Pradhan) རྒྱ་གར་གྱི་རྐང་རྩེད་རུ་ཁག་གི་རུ་དཔོན་བུ་ཆུང་བྷོ་ཊི་ཡ་བཅས་མཇལ་ནས་བོད་ནང་གི་ཛ་དྲག་དོན་རྐྱེན་སྐོར་འགྲེལ་བརྗོད་བྱས་འདུག་པ་དང་སྤྱི་ཁྱབ་དྲུང་ཆེས་གྲོས་ཚོགས་སུ་བོད་ནང་གི་ཛ་དྲག་དོན་རྐྱེན་དང་འབྲེལ་བའི་གྲོས་ཆོད་སླེབས་པ་ཡིན་ན་ཁོང་ཚོའི་ཚོགས་པ་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཁས་ལེན་གནང།

མངའ་སྡེ་དེའི་བློན་ཆེན་ཁག་དང་གྲོས་ཚོགས་འཐུས་མི་མཇལ་འཕྲད་གནང་མ་ཐུབ་པ་ཚང་མར་བོད་ནང་གི་ཛ་དྲག་དོན་རྐྱེན་དང་འབྲེལ་བའི་སྐོར་ཞུ་སྙན་རེ་ཕུལ་ཡོད་འདུག

ཞུ་གཏུག་ལས་འགུལ་གྱི་དགོས་འདུན་གཙོ་བོ་ནི་རྒྱ་གར་གཞུང་དང་མི་མང་གི་རྒྱབ་སྐྱོར་ཡོད་པ་ཇི་བཞིན་རྒྱལ་སྤྱིའི་ནང་རྒྱལ་ཁབ་ཁག་ནས་དངོས་གསལ་དོད་པོའི་ཐོག་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་ལ་སོགས་འཇོག་གནང་མཛད་པ་ལྟར་རྒྱ་གར་གཞུང་ནས་ཀྱང་དེ་དོན་གནང་ལམ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་སོགས་རེད་འདུག ཞུ་གཏུག་ལས་འགུལ་དེའི་སྐབས་སྤྱི་འཐུས་ཞུ་གཏུག་ལས་འགུལ་བ་དང་ས་གནས་འགོ་འཛིན་བཅས་ནས་དབུ་ཁྲིད་ཀྱིིས་ཕྱི་ཚེས་  ཕྱི་དྲོར་སྒར་ཏོག་ཏུ་མར་མེའི་ཁྲོམ་སྐོར་གནང་ཡོད་པ་རེད།ཕྱི་ཚེས་༨ཉིན་གསར་འགོད་ལྷན་ཚོགས་གནང་བར་དེའི་སྐབས་གསར་འགོད་པ་མང་དག་ཕེབས་ནས་ཐུགས་སྣང་གང་ཆེའི་ཐོག་བཀའ་འདྲི་སྣ་མང་གནང་ཡོད་པ་རེད། བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་དང་པོ་དེ་བཞིན་བྱང་བྷེང་གོལ་དང། ཨོ་ཌི་ཤཱ། ཆ་ཏིས་སྒར། ཇར་ཁནྜ་བཅས་ཡིན་པ་དང། ཞུ་གཏུག་ཐེངས་གཉིས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་སྤྱི་འཐུས་པདྨ་འབྱུང་གནས་དང། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར། སྤྱི་འཐུས་ཟླ་སྒྲོན་ཤར་གླིང་བཅས་ནས་སི་ཀེམ་མངའ་སྡེ་དང་། ཨ་སམ། ཨ་རུ་ན་ཅལ། མེ་གྷ་ལ་ཡ་བཅས་ལ་སྐོར་བསྐྱོད་གནང་རྒྱུ་འདུག

Menu