རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་བ།

 

Ladhak route MapLadhak route Map

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༤ ཉིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམས་ལྷན་འཛོམས་ཐོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་དགོས་དམིགས་དང། སྐོར་བསྐྱོད་གནང་ཕྱོགས་བཅས་འགྲེལ་བརྗོད་དང་། ལ་དྭགས་ས་གནས་སུ་སྐོར་བསྐྱོད་གནང་རིང་འགན་འཁུར་ལེན་ཕྱོགས་བཅས་གོ་བསྡུར་གནང་།
ཕྱི་ཚེས་ ༦ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་མདུན་སར་འཇམ་མགོན་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག བོད་མི་དང་ལ་དྭགས་ཡུལ་མི་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱི་མཛད་སྒོའི་དབུས་སུ་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་གི་སྤྱི་ཁྱབ་རིག་འཛིན་དཔལ་འབར་མཆོག་ནས་བདེན་པའི་མེ་ལྕེ་དབུ་འབྱེད་ཀྱིས་སྐོར་བསྐྱོད་ལས་འགུལ་དབུ་འཛུགས་གནང་ཞིང་། ས་གནས་འགོ་འཛིན་གྱིས་དབྱིན་སྐད་དང་ས་འཐུས་ཚོགས་གཙོས་བོད་སྐད་ཐོག་འགྲེལ་བརྗོད་གནང་སྟེ། མཚན་རྟགས་བསྡུ་རུབ་འགོ་འཛུགས་སྐབས་གཞས་པ་གྲགས་ཅན་ལ་དྭགས་ཕུན་ཚོགས་ནས་དེ་རིང་ས་གནས་འདིར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་རང་སྐྱོང་སྤྱི་ཁྱབ་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་འདིར་རྒྱབ་སྐྱོར་གནང་རྒྱུ་བྱུང་བ་བཞིན། མ་འོངས་པར་རྒྱ་གར་རྒྱལ་ཡོངས་སུ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་ཡོངས་ནས་དེ་དང་གཅིག་མཚུངས་ཀྱིས་བོད་དོན་ཆེད་རྒྱབ་སྐྱོར་གནང་ཐབས་ཀྱི་འབོད་སྐུལ་བྱས་པ་དང་ཆབས་ཅིག་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གླུ་གཞས་འབུལ་ལམ་བྱས་ཡོད་པ་རེད།
ལ་དྭགས་ལ་བདེན་པའི་མེ་ལྕེའི་དབུ་འབྱེད་ཉིན།ལ་དྭགས་ལ་བདེན་པའི་མེ་ལྕེའི་དབུ་འབྱེད་ཉིན།ད་ལན་གྱི་མཛད་སྒོར་བ་ཀུ་ལའི་ཡང་སྲིད་རིན་པོ་ཆེ་མཆོག་དང་། ཁྲིགས་སེ་མཁན་རིན་པོ་ཆེ། ལ་དྭགས་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ། ལ་དྭགས་དགོན་པ་ལྷན་ཚོགས་ཀྱི་ཚོགས་གཙོ། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས། ས་བགོས་སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་དང་སྤྱི་འཐུས་བསོད་ནམས་རྒྱལ་མཚན། གཞན་ཡང་ལ་དྭགས་རང་སྐྱོང་ཁུལ་དང་བཙན་བྱོལ་བོད་མི་བཅས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཆུང་དུ་མའི་གནད་ཡོད་འགན་འཛིན་རྣམས་མཉམ་ཞུགས་གནང་ཡོད་པ་རེད།
ལ་དྭགས་ས་གནས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཉིན་དང་པོར་ཕོ་བྲང་ཞི་བའི་ཚལ་དུ་ས་གནས་འཐུས་ཚོགས་ཀྱིས་འགན་འཁུར་རྒྱུ་དང་། ཉིན་གཉིས་པར་སླེ་ཇོ་ཁང་དུ་ས་གནས་རང་བདེན་ཚོགས་ཆུང་གིས་འགན་འཁུར་རྒྱུ། ཉིན་གསུམ་པར་ཆངས་པ་ཕྱོགས་སུ་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པས་འགན་འཁུར་རྒྱུ། ཉིན་བཞི་པར་སྐལ་བཟང་གླིང་ཕྱོགས་སུ་ས་གནས་དབུས་གཙང་ཚོགས་པས་འགན་འཁུར་རྒྱུ། ཉིན་ལྔ་པར་རླངས་འཁོར་འབབ་ཚུགས་སུ་ས་གནས་མདོ་སྟོད་ཚོགས་པས་འགན་འཁུར་རྒྱུ། ཉིན་དྲུག་པར་ལྕོག་ལམ་ཟམ་པའི་ཕྱོགས་སུ་ས་གནས་གཞོན་ནུ་དང་བུད་མེད་ཀྱིས་འགན་འཁུར་རྒྱུ་བཅས་ཀྱི་ལས་རིམ་འཆར་སྒྲིག་བྱས་ཡོད།
ཕྱི་ཚེས་ ༡༢ ཉིན་ལ་དྭགས་ཁུལ་ནས་ཀར་གྷིལ་དང་། དེ་ནས་ཤྲི་ན་གྷར་བར་དུ་ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན་ལས་ཁང་། གཞུང་འབྲེལ་མ་ཡིན་པ་བཅས་ཀྱི་སྐུ་ཚབ་གསུམ་ནས་བདེན་པའི་མེ་ལྕེ་དེ་ཉིད་སྐྱེལ་མ་བྱ་རྒྱུ་དང་། ཀར་གྷིལ་ཕྱོགས་སུའང་འབྲེལ་ཡོད་མངའ་སྡེའི་གྲོས་ཚོགས་འཐུས་མི་གདན་འདྲེན་ཞུས་ཏེ་ལས་འགུལ་སྤེལ་རྒྱུ་ཡིན་པ་བཅས།
བདེན་པའི་མེ་ལྕེ་སྐོར་བསྐྱོད་ཚོགས་ཆུང་ནས། ༢༠༡༢།༦།༧

ལ་དྭགས་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་གྱི་ས་རྟགས་བསྡུ་འགོད་གནང།ལ་དྭགས་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་གྱི་ས་རྟགས་བསྡུ་འགོད་གནང།ལ་དྭགས་ནང་བདེན་པའི་མེ་ལྕེའི་ས་རྟགས་བསྡུ་འགོད་གནང་བཞིན་པ།ལ་དྭགས་ནང་བདེན་པའི་མེ་ལྕེའི་ས་རྟགས་བསྡུ་འགོད་གནང་བཞིན་པ།

Menu