སྦིར་ས་གནས་འཐུས་ཚོགས་ནས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།སྦིར་ས་གནས་འཐུས་ཚོགས་ནས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༤ ཉིན་བདེན་པའི་མེ་ལྕེ་སུ་ཇ་བོད་ཁྱིམ་སློབ་གྲྭ་ནས་སྦིར་བོད་ཚོགས་གཞིས་ལས་ཁང་དུ་བརྒྱུད་སྤྲོད་གནང་བ་དེར་མཛད་སྒོ་ཚོགས། དེའི་རྗེས་ཁྱབ་ཁོངས་སམ་བྷོ་ཊ་ཉིན་སློབ་གྱི་དགེ་ཆེར་བརྒྱུད་སྤྲོད་དང་། དེ་ནས་རིམ་བཞིན་འཕྲོད་བསྟེན་ཡན་ལག་སྨན་ཁང་། སྨན་རྩིས་ཁང་། ས་གནས་འཐུས་ཚོགས་དང་། རང་བདེན་ཚོགས་ཆུང་། ས་གནས་གཞོན་ནུ་དང་བུད་མེད། སྙུང་གནས་ལྷ་ཁང་དང་། འབྲི་རུ་དགོན་པ་བཅས་ལ་བརྒྱུད་སྤྲོད་གནང་།
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༥ ཉིན་བདེན་པའི་མེ་ལྕེ་འབྲི་རུ་དགོན་ནས་སྦིར་སྡེ་དགེ་གཞིས་ལས་ཁང་གི་ཁྱབ་ཁོངས་རྙིང་དགོན་དཔལ་ཡུལ་ཆོས་འཁོར་གླིང་ལ་བརྒྱུད་སྤྲོད་གནང་བ་དང་དེ་གར་རི་འགོ་སྤྲུལ་སྐུ་རིན་པོ་ཆེ་དབུ་བཞུགས་ཐོག་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་རེད། དེ་ནས་བོད་རིགས་གསར་འབྱོར་ཚོགས་པ་དང་། ཚེ་རིང་ལྔོངས། སྡེ་དགེ་ས་གནས་འགོ་འཛིན་བཅས་ལ་རིམ་བཞིན་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་ཡོད་པ་རེད།
སུ་ཇ་བོད་ཁྱིམ་སློབ་མས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།སུ་ཇ་བོད་ཁྱིམ་སློབ་མས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།སྦིར་བོད་ཚོགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།སྦིར་བོད་ཚོགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༦ ཉིན་ཅོན་ཏ་ར་ས་གནས་འགོ་འཛིན་ལས་ཁང་ནས་གནས་ཚུལ་བཏང་འབྱོར་ལྟར་ན། སྦིར་སྡེ་དགེ་བཟོ་གཞིས་མི་མང་ནས་རང་ལུགས་ན་བཟའ་གཟབ་འཆོར་སྤྲས་ཏེ་བདེན་པའི་མེ་ལྕེ་ཅོན་ཏ་ར་ནང་ཆེན་བཟོ་གཞིས་ལ་བརྒྱུད་སྤྲོད་གནང་འདུག དེ་ཡང་ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་ཏུ་བདེན་པའི་མེ་ལྕེར་སྣེ་བསུའི་སྐབས་དེར་སྡེ་དགེ་གཞིས་ཆགས་ཀྱི་གཞིས་མི་རྣམས་རང་ལུགས་ཟབ་འཆོར་ལེགས་པར་སྤྲས་ཏེ་སློབ་གྲྭར་འདུ་འཛོམས་ཐོག སྐུ་མགྲོན་གཙོ་བོ་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། ས་གནས་འགོ་འཛིན་བསྟན་འཛིན་རབ་དགའ། ནང་ཆེན་གཞིས་ཆགས་ཀྱི་ས་འཐུས་ཚོགས་གཙོ་བསོད་ནམས་གཡུ་རྒྱལ། སློབ་གྲྭའི་སློབ་སྤྱི། སློབ་ཕྲུག་དང་སྡེ་དགེ་དང་ནང་ཆེན་གཞིས་ཆགས་གཉིས་ཀྱི་གཞིས་མི་འདུ་འཛོམས་ཐོག་མཛད་སྒོ་དངོས་གཞི་ཚོགས་འདུག
སྦིར་བུད་མེད་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད།སྦིར་བུད་མེད་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད།སྦིར་འཕྲོད་བསྟེན་སྨན་ཁང་དུ་བདེན་པའི་མེ་ལྕེ།སྦིར་འཕྲོད་བསྟེན་སྨན་ཁང་དུ་བདེན་པའི་མེ་ལྕེ།
མཛད་སྒོའི་ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་མྱ་ངན་གུས་བཏུད་ངག་བཅད་སྐར་མ་གཉིས་གྲུབ་མཚམས། ས་གནས་འགོ་འཛིན་བསྟན་འཛིན་རབ་དགའ་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྙན་སྒྲོན་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་བྱུང་རིམ་དང་བཅས་པའི་སྐོར་གསུང་བཤད་ གནང་། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ནས་བདེན་པའི་མེ་ལྕེ་སྡེ་དགེ་གཞིས་ཆགས་ནས་རྩིས་བཞེས་ཀྱིས་ནང་ཆེན་གཞིས་ཆགས་སུ་བརྒྱུད་སྤྲོད་གནང་ཡོད་པ་རེད། དེ་ནས་བདེན་པའི་མེ་ལྕེར་མཇལ་དར་སྒྲོན་འབུལ་ཞུས་པ་དང་། སློབ་གྲྭའི་སློབ་སྤྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་ཆབས་ཅིག་རྒྱལ་ཚོགས་སུ་འབུལ་རྒྱུའི་སྙན་ཤོག་སྟེང་ས་རྟགས་བསྡུ་འགོད་ཀྱང་གནང་ཡོད་པ་རེད། དེ་ནས་ཁུལ་དེའི་བུམ་མང་དགོན་པ་བར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་ཡོད་པ་རེད།
ཅོན་ཏ་ར་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་།ཅོན་ཏ་ར་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་།ཅོན་ཏ་ར་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་།ཅོན་ཏ་ར་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་།
ཟླ་ ༨ ཚེས་ ༧ ཉིན་བུམ་མང་དགོན་པས་བདེན་པའི་མེ་ལྕེ་ཟབ་གསང་ཆོས་འཁོར་གླིང་དུ་རྩིས་སྤྲོད་གནང་བ་དང་། དེ་ནས་རིམ་བཞིན་སྨན་རྩིས་ཁང་། དོན་ལྡན་རྒས་གསོ་ཁང་། རྫོང་སར་བཤད་གྲྭ བོད་ཁྱིམ་སློབ་གྲྭ་བཅས་ལ་རྩིས་སྤྲོད་གནང་ཡོད་པ་རེད་འདུག ཚེས་ ༧ ཕྱི་དྲོ་ཆུ་ཚོད་ ༥་༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དབུས་པས་དབུས་རྒྱུན་རྣམ་པ་དང་། ཕྱོགས་མཐའ་ཁག་ནས་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་སུ་ཕེབས་པའི་ས་གནས་གཞོན་ནུའི་སྐུ་ཚབ་བཅས་ནས་བདེན་པའི་མེ་ལྕེ་སྣེ་བསུ་ཞུས། དེ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས་བདེན་པའི་མེ་ལྕེའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་གསུང་བཤད་དང་བཅས་ཁྲོམ་སྐོར་གནང་། ཟླ་ ༨ ཚེས་ ༨ ཉིན་སྦིར་དང་ཅོན་ཏ་ར་ཁུལ་གྱི་སྐོར་བསྐྱོད་གྲུབ་སྟེ། སྦིར་སྡེ་ཁག་གསུམ་གྱི་སྐུ་ཚབ་ནས་བདེན་པའི་མེ་ལྕེ་ཧི་མ་ཅཱལ་གྲོང་ཁྱེར་མན་ཌི་དང་། སྤོན་ཌོ། མཚོ་པདྨ་བཅས་སུ་སྐོར་བསྐྱོད་ཆེད་སྤོན་ཌོ་བཀྲིས་གླིང་ས་གནས་འགོ་འཛིན་ལས་ཁང་ལ་རྩིས་སྤྲོད་གནང་། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༩ ལ།།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།
གྷན་རྡི་སྐུ་བརྙན་མདུན་ཐང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།གྷན་རྡི་སྐུ་བརྙན་མདུན་ཐང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།