རྒྱ་གར་བས་རང་ལུས་མེར་བསྲེགས་ཆེད་མར་མེ་ཁྲོམ་སྐོར།

མངའ་སྡེ་བྷེ་ཧར་གྱི་རྒྱལ་ས་པ་དི་ན་རུ་ཞུ་གཏུག་ལས་འགུལ་གནང་བཞིན་པ།མངའ་སྡེ་བྷེ་ཧར་གྱི་རྒྱལ་ས་པ་དི་ན་རུ་ཞུ་གཏུག་ལས་འགུལ་གནང་བཞིན་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་ཁྱབ་སྣེ་ཁྲིད་འོག་རྒྱ་གར་མངའ་སྡེ་ཁག་ནང་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ་ལྟར། བྱང་ཕྱོགས་ཞུ་གཏུགས་ལས་འགུལ་ཚོགས་ཆུང་གིས་མངའ་སྡེ་བྷེ་ཧར་གྱི་རྒྱལ་ས་པ་དི་ན་རུ་ཉིན་གསུམ་པའི་ལས་འགུལ་སྤེལ་ཡོད། ཕྱི་ཚེས་༡༧ ཉིན་གྱི་དགོང་དྲོར་ཞུ་གཏུགས་ལས་འགུལ་ཚོགས་ཆུང་དང་། ཧིན་བོད་འབྲེལ་མཐུད་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག་པ་དི་ན་གྲོང་ཁྱེར་གྱི་སྦྲག་པ་དེ་ནས་སངས་རྒྱས་གླིང་ཀ་(བུདྷ་པར་ཁི་)བར་མར་མེ་ཁྲོམ་སྐོར་ཅིག་གནང་ཡོད་པ་རེད།

ཐེངས་འདིའི་མར་མེ་ཁྲོམ་སྐོར་དུ་རྒྱ་གར་བ་དང་ས་གནས་ཚོང་ལས་བ་བཅས་མི་གྲངས་༧༠ ལྷག་མཉམ་ཞུགས་གནང་ཡོད་པ་དང་། ཁྲོམ་སྐོར་གྱི་མཇུག་ཏུ་བྷེ་ཧར་ཧིན་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་ཞེས་བན་དར་མཆོག་གིས་ལས་འགུལ་ངོ་སྤྲོད་གནང་བ་དང་། མར་མེ་ཁྲོམ་སྐོར་གྱི་དགོས་དམིགས་ནི་སྤྱིར་འཛམ་གླིང་ལ་ཞི་བདེ་ཡོང་བ་དང་། ཡང་དགོས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ཡིན་ཚུལ་སོགས་ཀྱི་གསུང་བཤད་གནང་ཡོད།

མངའ་སྡེ་བྷེ་ཧར་གྱི་རྒྱལ་ས་པ་དི་ན་རུ་ཞུ་གཏུག་ལས་འགུལསྐབས་གསར་འགོད་ལྷན་ཚཽགས་གནང་བ།མངའ་སྡེ་བྷེ་ཧར་གྱི་རྒྱལ་ས་པ་དི་ན་རུ་ཞུ་གཏུག་ལས་འགུལསྐབས་གསར་འགོད་ལྷན་ཚཽགས་གནང་བ།མངའ་སྡེ་བྷེ་ཧར་གྱི་རྒྱལ་ས་པ་དི་ན་རུ་རྒྱ་གར་བས་རང་ལུས་མེར་བསྲེགས་ཆེད་མར་མེ་ཁྲོམ་སྐོར། མངའ་སྡེ་བྷེ་ཧར་གྱི་རྒྱལ་ས་པ་དི་ན་རུ་རྒྱ་གར་བས་རང་ལུས་མེར་བསྲེགས་ཆེད་མར་མེ་ཁྲོམ་སྐོར། 

དེ་རྗེས་པ་དི་ན་མཐོ་སློབ་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཨ་བི་ཞི་རྒུབ་ད་མཆོག་གིས། སྔོན་ཆད་ངེད་ཀྱིས་བོད་དོན་གྱི་གནས་སྟངས་དེ་ཙམ་ཤེས་ཀྱིན་མེད་ཀྱང་། ད་ཐེངས་ཁྱོད་ཚོ་དང་ལྷན་དུ་ལས་འགུལ་སྤེལ་བ་འདིས་རང་ཉིད་ཀྱིས་ཀྱང་ཤེས་དགོས་པ་མང་པོ་ཞིག་གསལ་པོ་ཆགས་སོང་། ནམ་ཡང་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད། བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་མགྱོགས་མྱུར་སེལ་བའི་སྨོན་ལམ་འདེབས་རྒྱུ་ཡིན་ཞེས་སོགས་གསུང་ཡོད་པ་རེད།

ཧིན་རྡུ་ཚོགས་པའི་ལམ་སྟོན་པ་ཨོམ་པུར་ཀ་ཞེས་གྷ་རག་མཆོག་གིས། ཧིན་རྡུའི་ཚོགས་པ་འདི་སྔོན་ཆད་ནས་བོད་དོན་ཆེད་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། ཁྱོད་ཚོས་མི་མང་གི་སྣེ་ཁྲིད་དང་གོ་རྟོགས་ལས་འགུལ་སྤེལ་བ་ཧ་ཅང་ཡག་པོ་ཡིན་པ་དང་། ནམ་ཡང་ཚོགས་པའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་ཚུལ་སོགས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་མཉམ་ཞུགས་གནང་མཁན་གྱི་བོད་པ་ཚོར་བོད་ནང་གི་རང་ལུས་མེར་བསྲེག་གི་གཙོ་བོས་ཛ་དྲག་གི་གནས་བབ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཞུ་གཏུགས་ལས་འགུལ་སྤེལ་དགོས་སྐོར་སོགས་ཀྱི་ཐད་གསུང་བཤད་གནང་སྟེ་ལས་འགུལ་མཇུག་བསྡུ་གནང་ཡོད།

 

རྒྱ་གར་བས་རང་ལུས་མེར་བསྲེགས་ཆེད་མར་མེ་ཁྲོམ་སྐོར། རྒྱ་གར་བས་རང་ལུས་མེར་བསྲེགས་ཆེད་མར་མེ་ཁྲོམ་སྐོར། རྒྱ་གར་བས་རང་ལུས་མེར་བསྲེགས་ཆེད་མར་མེ་ཁྲོམ་སྐོར།རྒྱ་གར་བས་རང་ལུས་མེར་བསྲེགས་ཆེད་མར་མེ་ཁྲོམ་སྐོར།

དེ་བཞིན་ཉིན་དེའི་སྔ་དྲོ་ཆུ་ཚོད་༡༠ སྟེང་རྒྱ་གར་གསར་འགོད་པ་རྒན་གྲས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་དེ་བོད་དོན་སྐོར་ལ་བགྲོ་གླེང་གནང་བ་དང་། ཚོགས་འདུའི་ཐོག་རྩོམ་པ་པོ་དང་། རྒྱ་གར་དབུས་གྲོས་ཚོགས་ཀྱི་འཐུས་མི་ད་རོང་བེ་ཇེ་སོགས་ཕེབས་ཏེ་གསུང་བཤད་དང་ལམ་སྟོན་ཕེབས་ཡོད་པ་རེད།

ཉིན་གུང་ཆུ་ཚོད་༡༢ ཕྱེད་སྟེང་བོད་དོན་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་ཀྱང་སྐོང་བ་དང་གསར་འགོད་པ་རྣམས་ཀྱིས་དྲི་བ་དང་དྲིས་ལན་གནང་ཡོད་འདུག བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བ་རྣམས་ཀྱིས་རྒྱལ་ས་པ་དི་ན་རུ་རྒྱ་གར་དཔོན་རིགས་ཁག་ལ་མུ་མཐུད་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བཞིན་པ་དང་། ཕྱི་ཚེས་༡༩ ཉིན་གནས་མཆོག་རྡོ་རྗེ་གདན་དུ་མཆོད་འབུལ་སྨོན་ལམ་དང་། བོད་དོན་ཞུ་གཏུགས་ཆེད་ཕེབས་འཆར་ཡོད་པ་རེད་འདུག

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།