རྒྱ་གར་དང་སུད་སི་གྲོས་ཚོགས་འཐུས་མི་རྣམས་ཀྱི་ལྷན་ཚོགས།

ལྡི་ལིར་ཕྱི་ཟླ་ ༤ ཚེས་ ༡ ཕྱི་དྲོ་ཚོུད་ ༧།༠༠ ཐོག་ Eros Shangrila མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག་དང་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་གཉིས་ཀྱི་དགུང་ཚིགས་དང་སྟབས་བསྟུན་ལྷན་ཚོགས་ཤིག་གོ་སྒྲིག་གནང་བའི་ཐོག་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལྷན་བཅར། གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་སྟངས་དང་མ་འོངས་དོན་དངོས་ནུས་པ་ལྡན་པའི་ཐོག་ནས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་ནང་ལས་དོན་གནང་ཕྱོགས་ཀྱི་ཕན་ཚུན་བསམ་ཤེས་གྲོས་བསྡུར་གནང་ཡོད་པ་དང་། ལྷག་པར་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ནས་སུད་སི་རྒྱལ་ཁབ་དང་མི་རིགས་ལ་བསྔགས་བརྗོད་ཞུས་གནང་ཡོད། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ལ་རྒྱ་ནག་གི་བཙོན་འཇུག་བྱས་རྐྱེན་རྒྱ་གར་ས་མཚམས་ལ་དཀའ་ངལ་ཆེན་པོ་ཡོད་པའི་གནས་ལུགས་བརྗོད་པ་དང་།་ཡིན་ན་ཡང་བོད་ཀྱི་རྩ་དོན་ཐོག་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་མུ་མཐུད་ཡོད་པ་གསུངས་གནང་ཡོད། ལྷག་པར་དུ་ལྡི་ལིར་སུད་སིའི་གཞུང་ཚབ་ཀྱི་སྐུ་ཚབ་གཞུང་ཚབ་གཞོན་པ་མཆོག་དང་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་སྡེ་ཚན་གྱི་འགན་འཛིན་རྣམ་གཉིས་ཕེབས་གནང་གིས་བོད་དོན་དང་འབྲེལ་བའི་ཐོག་བསམ་ཚུལ་འདོན་གནང་མཛད་ཡོད། དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་མཆོག་ནས་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་དང་།

ཕྱི་ཚེས་ ༢ ཉིན་སྔ་དྲོ་སུད་སི་གྲོས་ཚོགས་འཐུས་རྣམས་དང་གཞན་ཚོགས་མི་རྣམས་ལ་༸དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་མཇལ་ཁ་དང་བཀའ་སློབ་ལམ་སྟོན་སྩལ་གནང་ཡོད་པའི་གནས་ཚུལ་དུ།

Menu