རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཀྱི་སློབ་གཉེར་བ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ ༦ ཚེས་ ༢༠ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བརྒྱུད་ཕྱི་རྒྱལ་དང་རྒྱ་གར་མཐོ་སློབ་ཀྱི་སློབ་གཉེར་བ་ཁག་ཅིག་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་མཇལ་འཕྲད་གནང་བ་དང་།  དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་རྒྱལ་སྤྱིའི་གྲོས་ཚོགས་ཚོགས་ཆེན་ཐེངས་དྲུག་གི་སྐོར་སྙིང་བསྡུས་དང་། དེ་ནས་བོད་ཀྱི་འདས་པའི་ལོ་རྒྱུས་ཕྱི་ལོ་མ་བྱུང་སྔོན་ལོ་ ༡༢༧ ནས་ ཕྱི་ལོ་ ༡༩༥༩ བར་བོད་དེ་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་ངོ་སྤྲོད་དང་། དེའི་སྐབས་ཀྱི་བོད་ཀྱི་ཆབ་སྲིད་གནས་སྟངས་སྙིང་བསྡུས་དང་། དེ་བཞིན་ཕྱི་ལོ་ ༡༩༥༩ ནས་ད་བར་བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་དང་གནས་སྟངས་ངོ་སྤྲོད། ལྷག་པར་བོད་ནང་ད་ལྟའི་གདུག་རྩུབ་གནས་སྟངས་འོག་རྒྱལ་གཅེས་དཔའ་བོ་དཔའ་མོ་ལོ་ན་ཆེ་ཆུང་དང་སྐྱ་སེར་དབྱེར་མེད་གཅིག་རྗེས་གཉིས་མཐུད་ངང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཁག བོད་མིའི་སྒྲིག་འཛུགས་ཀྱིས་འབྱུང་འགྱུར་བོད་ཀྱི་དཀའ་ངལ་རྒྱ་ནག་གཞུང་དང་མཉམ་ཞི་བའི་གྲོས་མོལ་ཐོག་ནས་གསལ་ཐབས་ཀྱི་འབད་བརྩོན་གནང་དང་གནང་མུས་ཡིན་པའི་སྐོར་སོགས་གསལ་བཤད་གནང་བ་དང་། གཞན་ཡང་སློབ་ཕྲུག་རྣམ་པར་བོད་དང་རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ནས་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་གལ་ཆེ་བའི་སྐོར་སོགས་གསུངས་གནང་ཡོད་པའི་གནས་ཚུལ་དུ།།

 

 

Menu