རྒྱ་གར་གྲོས་ཚོགས་འོག་མའི་ཆེད་འཛུགས་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།

 

༄༅། །རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པི་པི་ཅའོ་དྷ་རེ་ (Shri.P.P.Chaudhary) མཆོག་གིས་སྣེ་འཁྲིད་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་ཆེད་འཛུགས་ཚོགས་ཆུང་ (Commttee on Estimates) གི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་སར་ཕེབས་པ་དང་བསྟུན། དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༠༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་སྐབས་ཚོགས་དྲུང་ལས་ཁུངས་ནས་འཐུས་མི་རྣམས་དང་སྐུ་འཁོར་བཅས་ལ་ཕེབས་བསུའི་སྣེ་ལེན་དང་།

དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དུ་ཕེབས་གནང་ཡོད་པ་བཅས། །

 

Menu