རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཁག་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་གདན་ཞུས་ལྟར་རྡ་ས་བཞུགས་སྒར་དུ་ཕེབས་པ།

 

DSC04287རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་འགན་འཛིན་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་བཅས་ཡིན་པའི་སྐུ་ཞབས་ཤན་ཏ་ཀུ་མར་ Shri Shanta Kumar མཆོག་གིས་དབུ་འཁྲིད་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་བློན་ཆེན་ལྕམ་སྐུ་ Smt Maneka Gandhi, Union Cabinet minister for Women and Child Development མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ Shri Thupsten Tsewang ,BJP མཆོག ལྕམ་སྐུ་ Smt Kanak Nata Singh, Samajwadi སྐུ་ཞབས་ Shri Ram Kumar Kashyap,INLD མཆོག Dr Thokchom Meinya, INC, མཆོག་བཅས་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་བསྐྱང་རྒྱུའི་ཐོག་སྐུ་མགྲོན་དུ་གདན་ཞུས་ལྟར། ༢༠༡༥ ཕྱི་ཟླ་ ༩ ཚེས་ ༡ ཉིན་དགོང་དྲོ་ཁོང་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གསོལ་སྟོན་སྟབས་བདེ་ཞིག་དང་། བོད་གཞུང་ཟློས་གར་དུ་བོད་ཀྱི་རྐང་བྲོ་གླུ་གཞས་ཀྱི་རིག་གཞུང་འཁྲབ་སྟོན་ཞིག་ཀྱང་གཟིགས་འབུལ་ཞུས་ཡོད་པ་རེད།

 

Menu