རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་འབྲེལ་ཚོགས་གཙོ་དང་། ཚོགས་གཞོན་བསྐོ་གཞག་གི་གསལ་བསྒྲགས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་བློན་ཆེན་གཉིས་དང་། སྲིད་དོན་ཚོགས་པ་ཁག་མི་འདྲ་བ་བདུན་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༡༧ དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི། གྲོས་ཚོགས་འཐུས་མི་ཟུར་པ་དང་མངའ་སྡེའི་འཐུས་མི་ཟུར་པ། རྒྱལ་ཡོངས་དྲུང་ཆེ་དང་མགྲིན་ཚབ་པ་སོགས་ཁྱོན་རྒྱ་གར་གྱི་ཆབ་སྲིད་དབུ་ཁྲིད་མི་སྣ་ ༣༠ དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཁག་ངོ་སྤྲོད་ཀྱིས་བོད་དོན་ཞུ་སྐུལ་རྒྱ་ཆེ་གནང་ཡོད་པ་རེད།

དེ་རིང་ཕྱི་ཟླ་ ༨ པའི་ཚེས་ ༧ ཉིན་དགོང་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཐུན་མོང་གི་གོ་སྒྲིག་འོག་ལྡི་ལི་ཨ་ཤོ་ཀ་ (The Ashok hotel) གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་འཐུས་མི་ཟུར་པ་གཅིག མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་གཅིག་བཅས་ཁྱོན་རྒྱ་གར་གྱི་ཆབ་སྲིད་མི་སྣ་ ༡༥ དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་མཆོག འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་དང་ལས་བྱེད་བཅས་ལྷན་འཛོམས་ཐོག རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་སླར་གསོ་གནང་བ་དང་སྦྲགས། ཨོ་རི་ས་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷར་ཊ་རུ་ཧ་ནི་ མཱ་ཊབ་ (Shri Bhartruhari Mahtab, MP Lok Sabha, BJP, Orissa) མཆོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (All Party Indian Parliamentary Forum for Tibet (APIPFT)) ཚོགས་གཙོར་བསྐོ་གཞག་དང་། ཨ་རུ་ནལ་ཅལ་མངའ་སྡེ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊ་པིར་ གྷའོ་ (Shri Tapir Gao, MP Lok Sabha) མཆོག་ཚོགས་པའི་ཚོགས་གཞོན་ (Co-Convener of the APIPFT) བཅས་ལ་བསྐོ་གཞག་གནང་བའི་སྐོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསལ་བསྒྲགས་གནང་བ་དང་།

དེ་རྗེས་གསར་དུ་བསྐོ་གཞག་བྱུང་བའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཊ་རུ་ཧ་རི་མཱ་ཊབ་མཆོག་ལ་འཚམས་འདྲི་དང་། ཚོགས་གཞོན་སྐུ་ཞབས་ཊ་པིར་གྷའོ་མཆོག་ལ་འཚམས་འདྲིའི་མཇལ་དར་དང་། ལས་འཁྱུར་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeet Kumar, former Covenor of APIPFT) མཆོག་ལ་དགའ་སྐྱེལ་མཇལ་དར་དང་། སྟོན་པའི་སྐུ་འདྲ་ཞིག་ཕྱག་རྟགས་སུ་ཕུལ་རྗེས།

དཔལ་ལྡན་ཚོགས་གཙོ་མཆོག་གིས་འཕགས་བོད་གཉིས་དབར་གྱི་འབྲེལ་བའི་སྐོར་དང་། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་བྱུང་རིམ་སྐོར་དང་། རྒྱལ་སྤྱིའི་ནང་བོད་དོན་དང་འབྲེལ་བའི་གནས་བབ་བཅས་ཀྱི་ཐོག་གསུང་བཤད་དང་། དེ་རྗེས་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeet Kumar) མཆོག་གིས་འདས་པའི་ལོ་གསུམ་རིང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་སྐོར་དང་།

ཨུ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་བྷི་ཇུ་པ་ཊ་ན་ཡག་ (Biju Patnaik) ལགས་ཀྱིས་མངའ་སྡེའི་ནང་བོད་མི་རྣམས་ཐོག་མར་བཙན་བྱོལ་ལ་འབྱོར་སྐབས་གཞིས་ཆགས་ཀྱི་མཐུན་རྐྱེན་ཇི་ལྟར་བསྐྲུན་པའི་སྐོར་སོགས་ཨུ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་དང་། བོད་མིའི་དབར་གྱི་འབྲེལ་བའི་སྐོར། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་སྐུ་ཞབས་ཇོར་ཇི་ཕར་ནན་ཌེ་སི་མཆོག་གིས་རྒྱ་གར་གྱི་དགྲ་བོ་ངོ་མ་ནི་རྒྱ་ནག་ཡིན་པ་ལས་པ་ཀི་སི་ཐན་མིན་པ་གསུངས་པའི་སྐོར་དང་འབྲེལ་ཏེ། འཕགས་བོད་ས་མཚམས་ལས་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་རྩ་བ་ནས་མེད་པའི་སྐོར་སོགས་གསུངས་གནང་བ་དང་།

གསར་དུ་བསྐོ་གཞག་བྱུང་བའི་ཚོགས་གཞོན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊ་པིར་ གྷའོ་ (Shri Tapir Gao, MP Lok Sabha) མཆོག་གིས་ཚོགས་གཙོ་མཆོག་ད་རེས་ལས་བྲེལ་གྱིས་ཚོགས་འདུར་བཅར་མ་ཐུབ་པའི་སྐོར་དང་། ཁོང་ནི་དུས་རྒྱུན་ནས་བོད་དོན་སྐོར་གླེང་སློང་ཤུགས་ཆེ་གནང་མཁན་ཞིག་ཡིན་པའི་སྐོར་དང་། ཧི་མ་ལ་ཡའི་རི་རྒྱུད་རྒྱ་གར་མངའ་སྡེ་ཁག་དང་། བོད་དབར་ལོ་རྒྱུས་ཐོག་ཚོང་ལས་དང་། རིག་གཞུང་། ས་མཚམས་ཀྱི་འབྲེལ་བ་ཡོད་པ་ལས། རྒྱ་དཀར་ནག་གི་ས་མཚམས་ཟེར་བ་རྩ་བ་ནས་མེད་པ། བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་ད་ལྟའི་ཆར་རྒྱའི་བཙན་འོག་ཏུ་ཡོད་པ། ད་ལྟའི་ཆར་བོད་དེ་རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་ཞུ་རྒྱུ།

བོད་མི་ཚོར་རྒྱལ་སྤྱིའི་ཁྲིམས་ཐོག་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་བཅས་ལ་ངོས་འཛིན་དང་། བོད་ཀྱི་ཁོར་ཡུག་ཐོག་རང་དབང་ལྡན་པའི་ཆེད་ལས་ཀྱི་ཞིབ་འཇུག་དགོས་པ། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་གྲོས་མོལ་སླར་གསོ་ཡོང་བར་རྒྱ་དམར་གཞུང་ལ་སྐུལ་འདེད་གཏོང་རྒྱུ། རྒྱ་ནག་དམར་གཞུང་གི་གནས་ཚུལ་འཁྱོག་བཤད་ལ་གདོང་ལེན་བྱེད་དགོས་པ་སོགས་ཀྱི་གནད་དོན་ཐོག་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་རྗེས། སྐུ་པར་ལྷན་སྒྲོན་གནང་ཡོད།

ལྷན་འཛོམས་ཐོག་ ༡) རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeeth Kumar, former Covenor of APIPFT) མཆོག་དང་། ༢) གསར་དུ་བསྐོ་གཞག་བྱུང་བའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཊ་པིར་ གྷའོ་ (Shri Tapir Gao, MP Lok Sabha) མཆོག ༣) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ནོ་ཇ་ ཊི་གྷ་ (Shri Manoj Tigga, MP Lok Sabha, BJP, West Bengal) མཆོག ༤) ཨ་སམ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨ་མར་སིངྒ་ ཊི་སོ་ (Shri Amarsing Tisso, MP Lok Sabha, BJP, Assam) མཆོག ༥) ཨ་སམ་མངའ་སྡེ་ནས་ཡིན་པ་མི་མང་མཐུན་སྒྲིལ་གུ་ཡངས་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇོ་ཡན་ཊ་ བྷ་སུ་མཱ་ཊ་རེས་ (Shri Joyanta Basumatary, MP Lok Sabha, United People’s Party Liberal, Assam) མཆོག ༦) ན་གྷ་ལན་ཊི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨེ་སི་ ཕངྒ་ནོན་ (S. Phangnon Konyak, Rajya Sabha, BJP, Nagaland) མཆོག

<
༧) ཨ་སམ་མངའ་སྡེ་ནས་ཡིན་པ་ཨ་སོམ་ གྷ་ན་ པ་རི་ཤཏ་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷི་རན་དྷ་ར་ པར་སཏ་ བྷེ་ཤི་ཡ་ (Shri Birendra Prasad Baishya, Member of Rajya Sabha, Asom Gana Parishad, Assam) མཆོག ༨) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇཱ་གཱ་ནཱ་ཏ་ སར་ཀར་ (Shri Jagannath Sarkar, MP Lok Sabha, BJP, West Bengal) མཆོག ༩) མ་ནི་པུར་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སློབ་དཔོན་གཞོན་པ་སྐུ་ཞབས་ཨན་གྷུམ་ཆ་ བྷི་མོལ་ ཨ་ཀོའི་ཇེམ་ (Associate Professor Angomcha Bimol Akoijam, Lok Sabha MP, INC, Manipur) མཆོག ༡༠) འབྲས་ལྗོངས་མངའ་སྡེ་ནས་ཡིན་པ་འབྲས་ལྗོངས་ཀ་རན་ཊིཀ་རི་ མོར་ཆ་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཨིན་དྷར་ ཧང་ སུ་བྷ་ (Shri. Indra Hang Subba, Lok Sabha MP, Sikkim Krantikari Morcha, Sikkim) མཆོག

༡༡) ཨ་སམ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པ་རཌ་ཡུཊི་ བྷོར་ཌོ་ལོའེ་ (Shri Pradyut bordoloi, Lok sabha MP INC, Assam) མཆོག ༡༢) ཨ་སམ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཕ་ནི་ བྷུ་སན་ ཅའོ་དྷུ་རེ་(Shri Phani bhusan Choudhury, Lok Sabha MP) མཆོག ༡༣) ལ་དྭགས་དབུས་འཛིན་མངའ་ཁུལ་ནས་ཡིན་པ་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མོ་ཧ་མཏ་ ཧཱ་ནི་ཧྥ་ (Shri Mohammad Haneefa, Lok Sabha MP, Independent, Ladakh) མཆོག ༡༤) རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་ལྕམ་སྐུ་མོ་ནེ་ཀ་གྷན་དཱི་ (Smt. Maneka Gandhi, Member of the Lok Sabha) མཆོག ༡༥) ལྡི་ལི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་འབུམ་རམས་པ་པན་ཀཱཇཱ་ པུ་ཤི་ཀར་ (Dr. Pankaj Pushkar, Senior Fellow, Legislative Support Group, Rajiv Gandhi Foundation, and Former MLA, Delhi Legislative Assembly) མཆོག་བཅས་ཕེབས་གནང་ཡོད་པ་བཅས།