སྦེལ་འཇམ་གྲོས་ཚོགས་གོང་མའི་འཐུས་མི་ Prof. Dr. De Sutter Petra མཆོག་ད་ལམ་བཞུགས་སྒར་དུ་ཕེབས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་སྣེ་ལེན་ཞུས་པ།

DSC04379

 

ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན་སྦེལ་འཇམ་གྲོས་ཚོགས་འཐུས་མི་དང་། བྷེན་ཊི་གཙུག་ལག་སྨན་ཁང་གི་བུད་མེད་འཕྲོད་བསྟེན་ཨེམ་རྗེ་བཅས་ཡིན་པའི་ Prof. Dr. De Sutter Petra མཆོག་ད་ལམ་བཞུགས་སྒར་རྡ་རམ་ས་ལར་ཕེབས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་སྣེ་ལེན་དང་འབྲེལ་ཚོགས་གཙོ་སྦྲེལ་པོ་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་དུ་མཇལ་འཕྲད་གནང་ཡོད་པ་རེད། ཚེས་ ༤ ཉིན་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་གནང་བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁོང་ལ་མཇལ་དར་སྒྲོན་འབུལ་གྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་དང་སྦྲགས། སྤྱི་འཐུས་ལྷན་ཁང་གི་གྲོས་ཚོགས་ཚོགས་ཁང་ལ་གཟིགས་སྐོར་གནང་བ་དང་། དགོང་དྲོ་ཁོང་དང་ཁོང་གི་ཕྱག་རོགས་བཅས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྡ་སྟེང་བོད་ཀྱི་གསོལ་མགྲོན་ཁང་དུ་གསོལ་སྟོན་སྟབས་བདེ་ཞིག་ཕུལ། ཕྱི་ཚེས་ ༥ ཉིན་བཞུགས་སྒར་ནས་ཕྱིར་ཕེབས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།

 

Menu