རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་བཅུ་གྲངས་རྡ་སར་འབྱོར་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་ཞུས་པ།

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི།རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི།

 

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་བཅུ་ཙམ་ Smt. Maya Singh དང་།  Dr. Bharat Kumar Raut, Dr. K.P. Ramalingam, Shri. Rabinarayan Mohapatra, Shri. Bhupender Yadav, Shri. Ahmad Saeed Malihabadi, Shri. Shantaram Naik, Shri. Jesudasu Seelam, Shri. Ali Anwar Ansari, Dr. Janardhan Waghmare  བཅས་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གི་ལས་དོན་ཆེད་བཞུགས་སྒར་རྡ་ས་འབྱོར་བར་ Punjab national bank  འབྲེལ་ལམ་བརྒྱུད་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་དགོང་མོ་བོད་ཀྱི་ཟློས་གར་གཟིགས་མོ་ཕུལ་བ་དང་སྐབས་དེར་སྤྱི་ལྷན་ཚོགས་གཞོན་མཆོག་གིས་མཇལ་དར་སྒྲོན་འབུལ་གྱི་སྣེ་ལེན་ཞུས་ཡོད་པ་དང་གཟིགས་མོ་ཚར་རྗེས་ཁོང་ཚང་མས་བོད་ཀྱི་རིག་གཞུང་ཞབས་བྲོ་ཁག་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཀྱི་ཕྱི་ཚེས་ ༢༦ ཉིན་དངོས་སུ་གངས་སྐྱིད་སྤྱི་འཐུས་ལྷན་ཁང་དུ་ཡོང་གི་ཡིན་ཞེས་ཞལ་གསུངས་གནང་བ་ལྟར་ཕྱི་ཚེས་ ༢༦ ཉིན་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་ཆེད་ཕེབས་གནང་བར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་བོད་དོན་སྐོར་ངོ་སྤྲོད་དང་བཞུགས་མོལ་གནང་ཡོད།།

Menu