རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་ལས་འགུལ་ཉིན་གཉིས་པ།

༄༅། ། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༡༢ པའི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མི་མང་སྤྱི་འཐུས་རྣམ་པས་བྷི་ཧར་མངའ་སྡེའི་ཁོངས་ནས་ཡིན་པའི་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷག་ཤིསྠ་ ནཱ་ར་ཡན་ སིངྒ་ (Shri Bashistha Narain Singh, Rajya Sabha MP) མཆོག་དང་།

ལྡི་ལིའི་ཉེན་རྟོག་སྤྱི་ཁྱབ་དཔོན་པི་ཨིན་ ཁེ་རི་མེ་ (P. N. Khrimey, Joint Commissioner, SPUWAC & SPRUNER, Delhi Police) མཆོག ལྡི་ལི་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱ་དྷན་ ལལ་ (Shri Madan Lal, MLA Delhi) མཆོག རྒྱ་གར་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ཨ་བྷི་ཤེཀ དཱཏ་ (Mr. Abhishek Dutt, National Secretary INC) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། ཉིན་གུང་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤཱན་ ཀ་པུར་ (Shri Kishan Kapoor Lok Sabha) མཆོག་དང་ལྷན་གསོལ་ཚིགས་དང་སྦྲགས་ཕན་ཚུན་བཀའ་བསྡུར་གནང་ཡོད་པ་དང་། དགོང་མོ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གི་གོ་རྟོགས་ལས་འགུལ་ཐོག་མཉམ་ཞུགས་གནང་ཡོད་འདུག

མཇལ་འཕྲད་སྐབས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་མཉམ་བཅར་ཞུས་གནང་ཡོད་པ་བཅས།