རྒྱ་གར་གྱི་མཐོ་རིམ་གཞུང་ཞབས་ལས་བྱེད་འགའ་ཤས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་བསྐོར་ཕེབས།

2016,1,9རྒྱ་གར་དབུས་གཞུང་གི་གཞུང་ཞབས་ལས་བྱེད་ (IAS) མི་གྲངས་༡༦ཟླ་༡ཚེས་༩ཉིན་རྡ་ས་ས་གནས་འགོ་འཛིན་གྱིས་སྣེ་འཁྲིད་འོག་གངས་ཅན་སྐྱིད་གཤོངས་སུ་ཕེབས་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་བསྐོར་དང་།དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་མཉམ་དུ་མཇལ་འཕྲད་གནང་ནས། གྲོས་ཚོགས་། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དང་འགྲོ་ལུགས་སྐོར་སོགས་འགྲེལ་བཤད་དང་། མཇུག་ཏུ་ཕན་ཚུན་དྲི་བ་དྲི་ལན་བཅས་སྔ་དྲོ་ཆུ་ཚོད་ ༡༠།༤༥ ནས་ཕྱི་ཡོལ་ཆུ་ཚོད་ ༡།༠༠ བར་གནང་ཡོད་པ་རེད།

Menu