རྒྱ་གར་གཞུང་འབྲེལ་གྱིས་ལྡི་ལིར་སྟོན་པའི་འཁྲུངས་སྐར་སྲུང་བརྩི་གནང་བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་དང་། ཆོས་བརྒྱུད་སྤྱི་འཐུས་ཁག་གཅིག་གདན་ཞུས་ལྟར་ཆེད་བཅར་གནང་བ།

20150504_111244ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ Talktora Stadium ཚོགས་རྭའི་ནང་དུ་བདག་ཅག་གི་སྟོན་པ་ཤྭཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་བོད་ཟླ་ ༣ པའི་ཚེས་ ༡༥ ཉིན་རྒྱ་གར་གཞུང་འབྲེལ་གྱིས་སྟོན་པའི་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་དང་། ཆོས་བརྒྱུད་སྤྱི་འཐུས་རྣམ་པ་གཉིས་བཅས་རྡ་ས་ནས་ཕེབས་ཐོན་གྱིས་དགོང་མོ་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་ཕེབས་འབྱོར་གནང་། ཚེས་ ༤ ཉིན་གྱི་སྔ་དྲོར་མཛད་སྒོ་ཚོགས་ཡུལ་དུ་རྒྱ་གར་གྱི་པཱ་ལི་ཆོས་བརྒྱུད་འཛིན་པའི་ཐེག་དམན་གྱི་དགེ་འདུན་དང་བཙུན་མ། བོད་ཀྱི་ནང་པའི་དགེ་འདུན་པ་བཅས་ཀྱིས་ཆོས་ཕྱོགས་ཞལ་འདོན་གྱི་རིམ་པ་གསུངས་པ་དང་། མཛད་སྒོའི་ཐོག་ཆོས་ལུགས་ཁག་གཅིག་གི་བླ་ཆེན་རྣམ་པས་དབུས་སྐུ་མགྲོན་གཙོ་བོར་རྒྱ་གར་གྱི་སྲིད་བློན་ Shri Narendra Modi མཆོག་དང་། ནང་སྲིད་བློན་ཆེན་གཞོན་པ་ Sh. Kiren Rijiju མཆོག དེ་བཞིན་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བཅས་ཀྱི་བློན་ཆེན་གཞོན་པ་ Dr Mahesh Sharma མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་དང་ནང་སྲིད་བཀའ་བློན་མཆོག དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག ལྡི་ལི་སྐུ་ཚབ་དོན་གཅོད་པ་དང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི། 20150504_103143_LLSགཞུང་ཚབ་པ་བཅས་གནད་ཡོད་ཀྱི་མི་སྣ། རྒྱ་གར་དང་བོད། ཧི་མ་ལ་ཡ་སོགས་ཀྱི་མི་མང་ཁག་གཅིག་བཅས་མཉམ་ཞུགས་གནང་ཡོད།

དེ་རྗེས་རྒྱ་གར་སྲིད་བློན་ Narendra Modi མཆོག་གིས་མཛད་སྒོར་དམིགས་བསལ་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་ཁག་གཅིག་ལ་ཕྱག་རྟགས་གནང་བ་དང་། རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་མཆོག་དང་། རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བཅས་ཀྱི་བློན་ཆེན་གཞོན་པ་མཆོག སྲིད་བློན་མཆོག་བཅས་ཀྱིས་གསུང་བཤད་གནང་གྲུབ་མཚམས། ལ་དྭགས་བླ་མ་བློ་བཟང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ།

དེ་ཉིན་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་དང་།20150504_150100 ཆོས་བརྒྱུད་སྤྱི་འཐུས་རྣམ་གཉིས་བླ་མ་བློ་བཟང་མཆོག་གི་བཞུགས་གནས་ཨ་སོ་ཀ་མཱ་ཤིན་ལར་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་མཆོག་དང་། རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་གཅིག་དང་མི་མང་བཅས་འདུ་འཛོམས་གནང་ཡོད། ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་དང་། ཆོས་བརྒྱུད་སྤྱི་འཐུས་རྣམ་གཉིས་ཕྱི་ཚེས་ ༥ ཉིན་སྔ་དྲོར་བསམ་ཡས་གླིང་གཞིས་སྒར་ནས་ཕེབས་ཐོན་གནང་སྟེ་རྡ་སར་ཕྱིར་ཕེབས་གནང་བ་བཅས་ཀྱི་གནས་བསྡུས་སུ། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༢ ལ།