རྒྱ་གར་གཞུང་མང་གཉིས་ནམ་ཡང་བོད་དང་བོད་མིའི་རྒྱབ་ལ་ཡོད་གསུངས་བྱུང་།

 

སྤྱི་ལོ་༢༠༡༣ ཟླ་༡ ཚེས་༢ རེ་བཟའ་ལྷག་པ་ཉིན་གྱི་སྔོ་དྲོ་(Banglore Press Club དུ་གསར་འགོད་ལྷན་ཚོགས་བསྐྱང་།  དེར་རླུང་འཕྲིན་དང་། བརྙན་འཕྲིན། དེ་བཞིན་དྲ་རྒྱ་སོགས་བརྒྱུད་ལམ་ཁག་མི་འདྲ་པའི་གསར་འགོད་པ་སུམ་བཅུ་ལྷག་འཕེབས་འདུག་པ་དང་། གསལ་བསྒྲགས་མ་ཀློག་གོང་བོད་དོན་ངོ་སྤྲོད་ཀྱི་དེབ་དང་ཡིག་ཆ་ཁག་གཅིག་འགྲེམས་སྤེལ་ཞུས། སྐར་མ་དྲུག་ཅན་གྱི་བོད་ནང་གི་ཛ་དྲག་གནས་སྟངས་དང་སྐུ་ལུས་མེ་སྲེག་སྐོར་གྱི་གློག་བརྙན་ཞིག་བསྟན་རྗེས་སྤྱི་འཐུས་བུ་མོ་ཚེ་རིང་ལགས་ཀྱིས་གསལ་བསྒྲགས་སྒྲོག་སྦྱང་གནང་། གཞན་ཡང་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟང་སྤྱི་དང་ལྷག་པར་བོད་མི་༩༥སྐུ་ལུས་མེ་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟངས་སོགས། ཡིད་སྐྱོ་བའི་མིག་འཆུ་ཤོར་བཞིན་ངོ་སྤྲོད་བྱེད་སྐབས་གསར་འགོད་པ་མང་པོས་ཐུགས་སྣང་དང་སེམས་འགུལ་ཆེན་པོ་གནང་བར་མ་ཟད།  གསར་འགོད་པ་ཁག་གཅིག་གིས་བོད་ནང་ལ་དངོས་སུ་འགྲོ་འདོད་ཡོད་པ་དང་། ཇི་ལྟར་སོང་ན་དགའ་མིན་སོགས་ཀྱི་ཐད་བཀའ་འདྲི་གནང་བར། ལྷོ་སྤྱི་བརྒྱུད་བོད་མིའི་སྒྲིགས་འཛུགས་འབྲེལ་བ་གནང་སྟེ་ཕེབས་ན་དགེ་མཚན་ཆེ་བར་ཞུ།

མངའ་སྡེ་སྲིད་སྐྱོང་མཆོག་དང་མཇལ་སྐབས།མངའ་སྡེ་སྲིད་སྐྱོང་མཆོག་དང་མཇལ་སྐབས།

ཉིན་རྒྱབ་༡ ཐོག་མངའ་སྡེ་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jagadish Shetter མཆོག་དང་མཇལ་འཕྲད་ཞུས་ཏེ་ བོད་དོན་ངོ་སྤྲོད་ཀྱི་དེབ་དང་ཡིག་ཆ། འོད་སྡེར་སོགས་ཕུལ། རྒྱ་གར་གཞུང་དང་མངའ་སྡེ་སོགས་ཀྱིས་འདས་པའི་ནང་བོད་དང་བོད་དོན་ཐོག་ཐུགས་འཁུར་དང་རྒྱབ་སྐྱོར་ཚད་མེད་གནང་བར་ཐུགས་རྗེས་ཆེ་ཞུས་པ་དང་འབྲེལ།  བོད་ནང་གི་གནས་སྟངས་སྤྱི་དང་སྐུ་ལུས་མེ་སྲེག་གི་སྐོར།  རྒྱ་ནག་གཞུང་གིས་དྲག་གནོན་ཇི་ལྟར་བྱེད་བཞིན་ཡོད་སྐོར་སོགས་ངོ་སྤྲོད་དང་།
བོད་ཀྱི་གནས་སྟངས་འདི་ལྟ་བུའི་ཛ་དྲག་སྐབས་ང་ཚོ་ལ་རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་ཧ་ཅང་གལ་ཆེ་བས་འབྱུང་རྒྱུར་བོད་དོན་ཐོག་རྒྱབ་སྐྱོར་གནང་རོགས་ཞུས། བློན་ཆེན་མཆོག་གིས་ངས་རྟག་ཏུ་བོད་དོན་ལ་དོགས་སྣང་བྱེད་ཀྱི་ཡོད་ལ།  བོད་ཕྱི་ནང་གི་དཀའ་ངལ་ཚང་མ་ཤེས་ཀྱི་ཡོད།  ང་ཚོ་ལ་ལྟ་བ་མཐུན་མིན་གྱི་ཚོགས་སྡེ་ཁག་མང་པོ་ཡོད་ཀྱང་བོད་དོན་ཐོག་ཅིག་སྒྱུར་གྱི་རྒྱབ་སྐྱོར་ཡོད་པ་དང་།  ང་ཚོ་ནམ་ཡང་བོད་དང་བོད་མིའི་རྒྱབ་ལ་ཡོད་ཅེས་གསུང་བ་སོགས་བཀའ་མོལ་ལྷུག་པོ་བྱུང་།

ཕྱི་དྲོ་ཚོུད་༧ པར་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་B.S Yeddurappa མཆོག་དང་།  མངའ་སྡེ་བློན་ཆེན་ལྕམ་སྐུ་ Shobhs Karandlagr མཆོག  བློན་ཆེན་mokrigehi མཆོག།  གཞན་ཡང་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་བཅས་ལ་མཇལ་འཕྲད་ཀྱིས་གོང་བཞིན་ངོ་སྤྲོད་དང་འབོད་སྐུལ་ཞུས་པས།  ཁོང་རྣམས་ཀྱི་ཀྱང་རྒྱབ་སྐྱོར་ཡོད་པ་དང་བོད་དོན་སྐོར་མང་པོ་གསུང་བར་མ་ཟད།  བློན་ཆེན་ལྕམ་སྐུ་ Shobhs Karandlagr མཆོག་གིས་ཁོང་བོད་ནང་ལ་ཐེངས་གཉིས་ཕེབས་མྱོང་བས་བོད་ནང་གི་དཀའ་ངལ་ཁག་དངོས་ཡོད་ཡིན་པ་དང་།  ཁོང་གིས་བོད་དོན་ནི་རྒྱ་གར་ལ་ཡང་གལ་ཆེན་ཆགས་ཡོད་སྐོར་དང་། ང་ཚོ་ནམ་ཡང་བོད་དང་བོད་མིའི་རྒྱབ་ལ་ཡོད་ཅེས་གསུང་། ཚེས་༣ མངའ་སྡེ་སྲིད་སྐྱོང་མཆོག་དང་མཇལ་ནས་གོང་བཞིན་གནས་ཚུལ་རྣམས་ཞུས་གྲུབ་མཚམས།  སྲིད་སྐྱོང་མཆོག་གི་དབུས་གཞུང་ནས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་ལ་དེ་ཙམ་མངོན་གསལ་མེད་ན་ཡང་།  དུས་ཚོད་ཅི་འདྲ་ཞིག་གི་འོག་ནས་ཡིན་ན་ཡང་འགྱུར་བ་མེད་སྐོར་དང་།  རྒྱ་གར་ཙམ་མ་ཡིན་པར་རྒྱལ་ཁབ་གཞན་དང་གཞན་གྱི་རྒྱབ་སྐྱོར་འཚོལ་ཐབས་གནང་དགོས་པ་དང་། ང་ཚོ་བོད་དོན་ཐོག་ལ་ནམ་ཡང་རྗེས་ལུས་ཐེབས་ཀྱི་མ་རེད་བཅས་གསུང་བ་མ་ཟད།  ཉམ་མྱོང་དང་འབྲེལ་བའི་ལམ་སྟོན་ནམ་སེམས་གཏམ་མང་པོ་གསུང་གནང་སོང་། ཁོང་ནི་དབུས་ས་གཉིས་ལ་གནད་འགག་ཅན་གྱི་ཆབ་སྲིད་ཀྱི་ཕྱག་ལས་ཡུན་རིང་གནང་མྱོང་མཁན་ཞིག་རེད་འདུག

ཚེས་༤ ཉིན་སྔ་དྲོ་ཀོང་རི་སི་མངའ་སྡེ་སྤྱི་ཁྱབ་ལས་ཁོང་སུ་སྤྱི་ཁྱབ་རྒྱུན་ལས་རྣམས་ཀྱིས་གལ་ཆེན་གྱི་སྐུ་མགྲོན་ལ་བརྩིས་ཏེ་དགའ་ཚོར་ཆེན་པོས་སྣེ་ལེན་གནང་།  རྒྱུན་ལས་༢༣ ཙམ་འཛོམས་ཐོག་གོང་བཞིན་བོད་ཀྱི་ཛ་དྲག་གི་གནས་སྟངས་རྣམས་ཞུ་བ་དང་། ཁོང་རྣམས་ཀྱིས་ཀྱང་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང་།  རྒྱ་དཀར་ནག་གཉིས་ཀར་བོད་དོན་གལ་ཆེན་ཆགས་ཡོད་ཚུལ་བཅས་གསུང་། ཉིན་རྒྱབ་བློན་ཆེན་ཁག་གཅིག་གི་ལས་ཁུངས་ལ་མཇལ་བ་དང་། ཕྱི་དྲོ་བློན་ཆེན་དང་འཐུས་མི་ཟུར་བ། འཐུས་མི་ཁག་གཅིག་སོགས་ཚོགས་སྡེ་ཁག་མི་འདྲ་བའི་གནད་ཡོད་མི་སྣ་༡༨ ལ་མཇལ་ནས་མཚན་ཚོུད་༡༠ དང་༣༠ ལ་ཕྱིར་ལྷོ་སྤྱི་ལས་ཁུངས་སུ་འབྱོར། ཚེས་༥་ཉིན་མི་མང་འདུས་མཛོམས་ཐོག་མངའ་སྡེའི་བློན་ཆེན་དང་འཐུས་མི་ཁག་གཅིག་གིས་བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་གཏམ་བཤད་གནང་རྒྱུ། ཕྱི་དྲོ་མར་མེ་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་ཡོད་པ་གྲུབ་མཚམས། མཚན་ཚོུད་༡༠ བའི་ཐོག་མེ་མཁོར་བསྡད་ཧེ་རྡར་བྷ་རྡིར་མངའ་སྡེ་ལ་འགྲོ་རྒྱུ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཞིག

ལྷོ་ཕྱོགས་བརྒྱུད་སྣེ་ཁྲིད་མཁན་ཚོགས་ཆུང་ནས།  འབྲེལ་བ་གནང་ཡུལ་ཁ་པར་ཨང་  (9738642339)

 

Menu