རྒྱ་གར་གནད་ཡོད་མི་སྣ་ཁག་གཅིག་གིས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་བཀོད་ནས་རྒྱབ་སྐྱོར་གནང་བ། ཅེན་ན་ཡི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཐད་གསར་འགོད་ལྷན་ཚོགས།

 

ཅེ་ནི་ཡི། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༢།བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་རྒྱ་གར་ལྷོ་ཕྱོགས་ས་ཁུལ་གང་སར་རྒྱ་གར་ཡུལ་མི་སྤྱི་ཡོངས་ནས་རྒྱབ་སྐྱོར་ཆེན་པོ་ཐོབ་བཞིན་ཡོད་པ་མ་ཟད། ལས་འགུལ་འདི་བཞིན་རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཟུར་པ་དང་། ཀེ་ར་ལ་མངའ་སྡེའི་བློན་ཆེན་ཟུར་པ། རྒྱ་གར་གྱི་ཆེས་སྙན་གྲགས་ཆེ་བའི་གཟེངས་རྟགས་ Padma Vibhushan བཞེས་མྱོང་མཁན་སྐུ་ཞབས་ V. R. Krishna Iyer མཆོག་གིས་དབུ་འབྱེད་གནང་བ་དང་འབྲེལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཐོག་མ་དེ་ཁོང་གིས་གནང་སྟེ། ལས་འགུལ་གཟི་བརྗིད་དང་ལྡན་པའི་ངང་དབུ་འབྱེད་གནང་ཡོད་ལ། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་དེ་བཞིན་སྐོར་བསྐྱོད་ད་བར་ག་པར་བྱས་ཀྱང་བོད་དོན་རྒྱབ་སྐྱོར་བ་རེ་ཟུང་ཙམ་མ་ཡིན་པར། རྒྱ་གར་མི་མང་སྤྱི་ཡོངས་ནས་རྒྱབ་སྐྱོར་དང་ཐུགས་སྣང་ཤུགས་ཆེ་གནང་བཞིན་ཡོད་པ་དང་། ད་བར་བརྒྱུད་ལམ་ཁག་ནང་དྲིལ་བསྒྲགས་ཤུགས་ཆེ་བྱུང་བ་ལ་བརྟེན་ནས་རྒྱ་གར་མང་ཚོགས་ཁྲོད་ལས་འགུལ་སྐོར་ལ་བརྒྱུད་བསྒྲགས་ཀྱང་ཤུགས་ཆེན་ཐོབ་ཡོད།

 

ཅེན་ན་ཡི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ནང་། ༡༢།༧།༢༠༡༢ཅེན་ན་ཡི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ནང་། ༡༢།༧།༢༠༡༢ ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡།༠༠ ཐོག་ཅེན་ན་ཡི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་སར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་གསུངས་བཤད་གནང་ཡོད་ལ། ཁོང་གིས་དང་ཐོག་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤྱི། སྐོར་བསྐྱོད་བརྒྱུད་བོད་དོན་ཞུ་སྙན་སྟེང་ས་རྟགས་བསྡུ་འགོད་ཀྱི་ལས་འགུལ་སོགས་ཡོངས་ངོ་སྤྲོད་གནང་ཡོད་པར་མ་ཟད། ལྷག་པར་ཉེ་འཆར་ཕྱི་ཚེས་ ༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་འདམས་གཞུང་ཁུལ་ནས་ཡིན་པ་བོད་མི་གཞོན་སྐྱེས་རང་ལོ་ ༢༢ ཅན་ཚེ་དབང་རྡོ་རྗེ་ལགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་བཏང་བ་དང་། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་ཁ་གསལ་མེད་ཀྱང་ཛ་དྲག་ཆེན་པོའི་ངང་གནས་ཡོད་པ་ཚོད་དཔག་ཐུབ་པ་དང་། ཕྱི་ལོ་ ༢༠༠༩ ནས་ད་བར་རྒྱལ་གཅེས་པ་བོད་མི་ ༤༣ ནས་རང་ལུས་མེར་སྲེག་བཏང་ཡོད་པའི་ཁོངས་ནས་ ༣༡ དགོངས་པ་རྫོགས་པ་དང་། ༡༢ ཀྱི་གནས་སྟངས་ད་ལྟའང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་སོགས་མདོར་ན་བོད་ནང་གི་ཛ་དྲག་གནས་སྟངས་སྤྱིའི་སྐོར་དང་། འཛམ་གླིང་འདིའི་སྟེང་ཤིན་ཏུ་རྩ་ཆེ་བའི་རིག་གཞུང་ཞིག དེ་དང་འབྲེལ་བའི་མི་རིགས་ཤིག་རྩ་བརླག་འགྲོ་ཉེན་ཡོད་པའི་སྐོར་སོགས་ངོ་སྤྲོད་དང་། གསར་འགོད་པའི་དྲི་བར་ལན་འདེབས་སོགས་གནང་ཡོད་པ་རེད། གསར་འགོད་ལྷན་ཚོགས་སྐབས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་སྔོན་འགྲོའི་ངོ་སྤྲོད་གཏམ་བཤད་དང་དྲི་བར་ལན་འདེབས་བཅས་པ་ Madras University མ་རྡ་ར་སི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་མ་ནི་ལགས་ཀྱིས་སྐད་བསྒྱུར་ཡང་གནང་ཡོད་པ་རེད།

སྐུ་ཞབས་ (Walter. I. Davaram) ཝལ་ཊར་རྡ་ཝ་རམ་མཆོགསྐུ་ཞབས་ (Walter. I. Davaram) ཝལ་ཊར་རྡ་ཝ་རམ་མཆོགརྒྱ་གར་གྱི་ཧོག་ཀི་རྩེད་འགྲན་པ་ Padmasri རྒྱ་གར་གྱི་ཧོག་ཀི་རྩེད་འགྲན་པ་ Padmasri རྒྱ་གར་གྱི་དབུས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཟུར་པ་སྐུ་ཞབས་ཊི་ཨན་སེ་ཤན་ T. N. Seshan མཆོགརྒྱ་གར་གྱི་དབུས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཟུར་པ་སྐུ་ཞབས་ཊི་ཨན་སེ་ཤན་ T. N. Seshan མཆོགགློག་བརྙན་སྒྱུ་སྩལ་བྱུས་འགོད་པ་སྐུ་ཞབས་ (Thota Tharrani) གློག་བརྙན་སྒྱུ་སྩལ་བྱུས་འགོད་པ་སྐུ་ཞབས་ (Thota Tharrani) 

 

 

 

 

 

 

 

ད་རེས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་ད་བར་རྒྱ་གར་གྱི་སྙན་གྲགས་ཆེ་བའི་མི་སྣ་མང་པོ་སླེབས་ཐུབ་ཡོད། དཔེར་ན། རྒྱ་གར་གྱི་དབུས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཟུར་པ་སྐུ་ཞབས་ཊི་ཨན་སེ་ཤན་ T. N. Seshan མཆོག་དང་། རྒྱ་གར་གྱི་ཧོག་ཀི་རྩེད་འགྲན་པ་ Padmasri དང་ Arjuna བྱ་དགའ་བཞེས་མྱོང་མཁན་འཛམ་གླིང་རྩེད་འགྲན་ཆེན་མོའི་སྐབས་རྒྱ་གར་ལ་གསེར་གྱི་རྟགས་མ་ཐོབ་སྐབས་རྩེད་འགྲན་གྱི་དབུ་ཁྲིད་པ་སྐུ་ཞབས་ (V. Baskaran) ཝི་སྦས་ཀ་རན་མཆོག རྒྱ་གར་ནང་སྙན་གྲགས་ཆེ་བའི་རི་མོ་བ་དང་། གློག་བརྙན་སྒྱུ་སྩལ་བྱུས་འགོད་པ་སྐུ་ཞབས་ (Thota Tharrani) ཐོ་ཐ་ཐ་ར་ནི་མཆོག སྤྱིར་རྒྱ་གར་དང་ཡང་སྒོས་ཏ་མིལ་ན་ཌུ་མངའ་སྡེའི་ནང་ཆེ་མཐོང་ཤིན་ཏུ་ཆེ་བའི་སྐོར་སྲུང་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ (Walter. I. Davaram) ཝལ་ཊར་རྡ་ཝ་རམ་མཆོག་སོགས་རྒྱ་གར་གྱི་སྲི་ཞུ་བ་ཟུར་པ་རྒན་གྲས་དང་། དབུས་ཁྲིམས་དཔོན་ཟུར་པ། སྐོར་སྲུང་སྤྱི་ཁྱབ་ཟུར་པ། རྒྱུ་སྩལ་བ། རྩེད་འགྲན་པ། གློག་བརྙན་བཟོ་བསྐྲུན་པ། མཐོ་སློབ་གྱི་སློབ་དཔོན། ཆོས་ལུགས་མི་སྣ། གསར་འགོད་པ། སློབ་ཕྲུག མི་མང་སྤྱི་ཡོངས་དང་། ལྷག་པར་ཤེས་ཡོན་བསྟི་གནས་ཁག་བཅས་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་དང་། བོད་དོན་ལས་འགུལ་ལ་ཐུགས་སྣང་དང་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་ཞུ་སྙན་སྟེངས་མཚན་རྟགས་གནང་བ་བཅས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་ཐོབ་ཡོད།

སྐུ་ཞབས་ཊི་ཨན་སེ་ཤན་ T. N. Seshan མཆོགསྐུ་ཞབས་ཊི་ཨན་སེ་ཤན་ T. N. Seshan མཆོགIIT སློབ་དཔོན།IIT སློབ་དཔོན།གློག་བརྙན་སྒྱུ་སྩལ་བྱུས་འགོད་པ་སྐུ་ཞབས་ (Thota Tharrani) གློག་བརྙན་སྒྱུ་སྩལ་བྱུས་འགོད་པ་སྐུ་ཞབས་ (Thota Tharrani) 

 

 

 

 

 

 

གོང་གསལ་སྙན་གྲགས་ཅན་གྱི་མི་སྣ་རྣམས་ལ་མཇལ་འཕྲད་སྐབས་ཚང་མས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་ཡིད་ཆེས་དང་།  ཐུགས་རྗེ་བྱིན་རླབས་ལ་སྔགས་བརྗོད་ཞུས་པས་མ་ཟད། བོད་ནང་གི་ད་ལྟའི་ཡ་ང་བའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་། བོད་དོན་ཐད་ད་དུང་བོད་མི་ཚོས་རང་དོན་རང་གཅེས་ཀྱི་འབད་བརྩོན་ལྷོད་མེད་བྱེད་དགོས་པ་མ་ཟད། ཤེས་ཡོན་སྤྱི་དང་ལྷག་པར་ཚན་རིག་དང་འཕྲུལ་རིགས་ཤེས་ཡོན་ཐོག་དམིགས་བསལ་ཐུགས་སྣང་དགོས་པ། བོད་ནང་བོད་མི་གཞོན་སྐྱེས་ཚོས་རྒྱལ་གཅེས་སྙིང་སྟོབས་ལྡན་པའི་ལས་འགུལ་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པ་དེ་བཞིན་མ་བྱེད་ཀ་མེད་གྱུར་བ་དང་། ད་ལྟའི་དུས་སྐབས་འདིར་རྒྱལ་གཅེས་སྙིང་སྟོབས་ལྡན་པའི་བོད་མི་རྣམས་འཚོ་དགོས་པ་གལ་ཆེན་དང་། ཁོང་ཚོའི་ཚེ་སྲོག་ཤོར་བར་བློ་འགྱོད། བོད་མི་དང་དྲང་བདེན་གྱི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཡོད་སྐོར་སོགས་ཚང་མས་གཅིག་གྱུར་ལྟ་བུས་བཀའ་གནང་བྱུང་།
དམ་པ་གྷན་རྡིའི་ཚ་བོ་སྐུ་ཞབས་ Gopalakrishna Gandhi མཆོགདམ་པ་གྷན་རྡིའི་ཚ་བོ་སྐུ་ཞབས་ Gopalakrishna Gandhi མཆོགད་དུང་འདི་ཁུལ་གནས་བཞུགས་རྒྱ་གར་གྱི་མེས་པོ་དམ་པ་གྷན་རྡིའི་ཚ་བོ་སྐུ་ཞབས་ Gopalakrishna Gandhi མཆོག་མཇལ་འཕྲད་ཞུ་ཏེ། བོད་དོན་སྤྱི་དང་། ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་སྙན་གསེང་ཞུས་པ་དང་། ཁོང་གིས་སྐབས་དེར་འགྲེལ་བརྗོད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཐུགས་སྨོན་གནང་བཞིན་ཡོད་པ་དེར་ཁོང་ནས་སྨོན་འདུན་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་ཀྱང་གནང་བྱུང་།
ད་རེས་ཀྱི་སྐོར་བསྐྱོད་འདི་བརྒྱུད་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་འདི་ཁུལ་ IIT གཙུག་ལག་སློབ་གཉེར་ཁང་དུ་ངོ་བཅར་དང་འབྲེལ་སློབ་ཕྲུག་ཚོ་ཁག་གཅིག་དང་མཇལ་འཕྲད་ཞུས་ཏེ། བོད་དོན་ངོ་སྤྲོད་དང་ས་རྟགས་བསྡུ་འགོད་ལས་འགུལ་ནང་མཉམ་ཞུགས་ཡོང་བ་རེ་འདུན་ཞུས་པར་ཚང་མས་ཐུགས་སྣང་ཆེན་པོ་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དབུ་འཛུགས་ཞུས་པའི་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་སྐོར་བསྐྱོད་བྱས་དང་བྱེད་བཞིན་པའི་བདེན་པའི་མེ་ལྕེ་དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཀོཨེམ་སྦ་ཊོར། Coimbatore དང་། Pondicherry སྤོན་ཌི་ཅི་རི། Auroville ཨོ་རོ་ཝི་ལི་བཅས་སུ་སྐོར་བསྐྱོད་ཟིན་ཏེ། ཕྱི་ཚེས་ ༡༠ ཉིན་ Tamil Nadu ཏ་མི་ན་ཌུ་མངའ་སྡེའི་རྒྱལ་ས་ Chennai ཅེན་ན་ཡི་ཁུལ་དུ་འབྱོར་བ་དང་། ཕྱི་ཚེས་ ༡༡ ཉིན་ Lady Andal School ཞེས་པའི་གྲྭ་སྙན་གྲགས་ཅན་གྱི་སློབ་གྲྭའི་ཞོགས་ཚོགས་སྐབས་བོད་དོན་ས་རྟགས་བསྡུ་འགོད་ཀྱི་ལས་འགུལ་དབུ་འཛུགས་བྱས་སྐབས་སློབ་ཕྲུག་ཚོས་དགའ་བོའི་ངང་མཚན་རྟགས་གནང་བས་མ་ཟད། ད་དུང་མུ་མཐུད་མཚན་རྟགས་བསྡུ་འགོད་གནང་རྒྱུའི་ཁས་ལེན་ཀྱང་གནང་ཡོད་པ་རེད། དེ་རྗེསའདི་ཁུལ་རྟེན་གཞི་བྱས་པའི་ All India Catholic University Federation (AICUF) ཞེས་རྒྱ་གར་རྒྱལ་ཡེ་ཤུའི་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་སྐུ་ཞབས་ Rev. Fr. M. G. Selvin Raj S.J མཆོག་མཇལ་འཕྲད་ཞུས་ཏེ། ལས་འགུལ་སྐོར་ངོ་སྤྲོད་དང་། ས་རྟགས་བསྡུ་འགོད་སྐོར་སྙན་གསན་ཞུས་པར་དབུ་འཛིན་མཆོག་ནས་ས་རྟགས་བསྡུ་འགོད་ཐད་ཤུགས་སྣོན་རྒྱག་རྒྱུའི་ཞལ་བཞེས་ཀྱང་གནང་བ་མ་ཟད། རིང་མིན་ཕྱི་ཟླ་ ༨ པའི་ནང་སྒྲིག་འཛུགས་ཀྱི་ཚོགས་ཆེན་སྐབས་བོད་དོན་གླེང་སློང་དང་། མཚན་རྟགས་བསྡུ་འགོད་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད། དེ་རྗེས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྣེ་ཁྲིད་པའི་བོད་པའི་སློབ་ཕྲུག་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཨ་ཤ་རེ་ཌི་ལགས་བཅས་འདུས་པའི་སྐུ་ཚབ་ Madras University མ་རྡ་ར་སི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་མ་ནི་ལགས་ཀྱི་སར་ངོ་བཅར་དང་ཁོང་ལ་ད་ལྟའི་བོད་ཀྱི་གནས་སྟངས་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་ངོ་སྤྲོད་ཞུས་མ་ཐག ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་རྒྱུའི་ས་རྟགས་བསྡུ་འགོད་ཐད་ཁོང་དང་སློབ་ཕྲུག་བཅས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུའི་ཞལ་བཞེས་ཀྱང་ཐོབ་པ་བྱུང་ཡོད། དེ་རྗེས་འདི་ཁུལ་དབྱིན་སྐད་སློབ་ཁྲིད་གནང་མཁན་གྱི་བསྟི་གནས་ཤིག་ཏུ་ངོ་བཅར་དང་། དེའི་ནང་ཕྱག་ལས་གནང་མཁན་ཚང་མར་བོད་དོན་དང་ད་ལྟའི་ལས་འགུལ་སྐོར་ངོ་སྤྲོད་ཞུས་སྐབས། ཁོང་ཚོས་མ་སྐུལ་དྭང་བླང་ཐོག་དེང་དུས་དྲ་རྒྱའི་ཕྲུལ་ལས་ Youtube བརྒྱུད་ལས་འགུལ་སྐོར་དྲིལ་བསྒྲགས་ཆེད་གཟུགས་མཐོང་གློག་བརྙན་ཞིག་བཟོ་རྒྱུའི་ལས་གཞི་དངོས་སུ་དབུ་འཛུགས་ཀྱང་གནང་ཡོད་པ་རེད།
ད་རེས་ཀྱི་ལས་འགུལ་འདི་བརྒྱུད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུའི་ཞུ་སྙན་སྟེང་འཛམ་གླིང་ཁྱོན་ཡོངས་ནས་ཉུང་མཐར་ས་རྟགས་འབུམ་ཕྲག་འགའ་ལྷག་བསྡུ་རུབ་ཞུ་རྒྱུ་དང་། བསྡུ་རུབ་ཟིན་པའི་ས་རྟགས་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཚོགས་ཆུང་ལ་ཕྱི་ཟླ་ ༡༡ ཚེས་ ༡༥ འགྱངས་མེད་འབྱོར་ཟིན་པ་དགོས། ཚོགས་ཚུང་ནས་ས་རྟགས་ཚང་མ་ཕྱོགས་སྒྲིག་གིས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་དྲིལ་བསྒྲགས་ལས་ཁུངས་སོ་སོར་ཕྱི་ཟླ་ ༡༢ ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཉིན་བརྒྱ་དུས་གཅིག་ཏུ་འབུལ་ལམ་ཞུ་རྒྱུ་ལགས་ན། བདེན་པའི་མེ་ལྕེ་སྐོར་བསྐྱོད་འབྱོར་ཡུལ་ཁག་ཙམ་མ་ཡིན་པར་བོད་མི་ཡོངས་ནས་ལས་འགུལ་འདིའི་ནང་མཉམ་ཞུགས་དང་། ས་རྟགས་བསྡུ་འགོད་ཀྱི་ལས་འགུལ་ནང་འཛུལ་ཞུགས་དགོས་པའི་རེ་འདུན་ཞུ་བཞིན་ཡོད། ད་རེས་ཀྱི་ལས་འགུལ་འདིའི་དགོས་འདུན་ཁག་ནི།
༡༽      ཕྱི་ལོ་ ༡༩༥༩ དང་།  ༡༩༦༡། ༡༩༦༥ བཅས་སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ།

༢༽      བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ།
༣༽    བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ།

ད་རེས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་འདི་བཞིན་འདི་ག་ཅེན་ན་ཡི་ཁུལ་དུ་སྐོར་བསྐྱོད་གྲུབ་བསྟུན། རིམ་བཞིན་རྒྱ་གར་ལྷོ་ཕྱོགས་ Karnataka ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞིས་བྱས་པའི་བོད་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་སྐོར་བསྐྱོད་ཞུ་རྒྱུ་ཡིན་པ་བཅས། བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༢ ལ།

TSAM གྱི་སློབ་ཕྲུག་རྣམ་པ།TSAM གྱི་སློབ་ཕྲུག་རྣམ་པ།

Menu